ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྲིད་པུའུ་ཡིས་གོ་རིམ་ལྡན་པའི་ངང་རྒན་གསོའི་སྒྲིག་གཞིའི་ཞབས་ཞུའི་སྒྲིག་ལམ་སླར་གསོ་བྱེད་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས7ཉིན་གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་གསལ་ལྟར་ན། ཉེ་ཆར་དམངས་སྲིད་པུའུ་ཡིས་ས་གནས་སོ་སོར་མཛུབ་ཁྲིད་བསམ་འཆར་བཏོན་ནས་ས་གནས་སོ་སོས་དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། གོ་རིམ་ལྡན་པའི་ངང་རྒན་གསོའི་ཞབས་ཞུའི་སྒྲིག་ལམ་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བསམ་འཆར་གྱི་བླང་བྱ་གཞིར་བཟུང་། ཉེན་ཁ་ཆུང་བའི་ས་ཁུལ་གྱིས་རྒན་གསོའི་ཞབས་ཞུའི་སྒྲིག་ལམ་སླར་གསོ་བྱེད་དགོས་པ་དང་། རྒན་གསོའི་སྒྲིག་གཞིས་ས་ཁོངས་དེ་གའི་རྒན་རྒོན་དང་ལས་དོན་མི་སྣ་བསྡུ་ལེན་བྱེད་སྐབས་ཉིན14ཡི་སྨན་བཅོས་ལོགས་བཀར་ལྟ་ཞིབ་བྱེད་དགོས་པའི་རེ་བ་འདོན་མི་རུང་། འོན་ཀྱང“སྔོན་ལ་ཁ་ཆད་བྱས་ནས་ཞག་སྡོད་བྱེད་པ”དང་། བདེ་ཐང་དང་ཡུལ་སྐོར་ཆ་འཕྲིན་གྲལ་བཤེར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་དོ་དམ་བྱེད་ཐབས་སྤྱོད་དགོས།

 དེ་དང་ཆབས་ཅིག་ཉེན་ཁ་ཆེ་བའི་ས་ཁུལ་གྱི་ཆ་རྐྱེན་འཛོམས་པའི་རྒན་གསོ་ཁང་གིས་ས་ཁོངས་དེ་གའི་རྒན་རྒོན་དང་ལས་དོན་མི་སྣ་བསྡུ་ལེན་བྱེད་སྐབས་རྒན་རྒོན་དང་ལས་དོན་མི་སྣས་ཉིན14ལ་སྨན་བཅོས་ལོགས་བཀར་ལྟ་ཞིབ་དང་འབྲེལ་ཡོད་སྨན་བཅོས་ཀྱི་ཞིབ་བཤེར་རྒྱུན་གཏན་ཡིན་ཚེ་ད་གཟོད་བསྡུ་ཆོག་པ་དང་། ཉེན་ཁ་ཆུང་བའི་ས་ཁུལ་གྱི་རྒན་རྒོན་དང་ལས་དོན་མི་སྣ་བསྡུ་ལེན་བྱེད་སྐབས་ཉིན14ཡི་སྨན་བཅོས་ལོགས་བཀར་ལྟ་ཞིབ་བྱེད་མི་དགོས།

བསམ་འཆར་ལས། ས་གནས་སོ་སོས་མ་མཐའི་ཚད་ཐིག་བརྟན་སྲུང་བྱས་ནས་མུ་མཐུད་དུ་ཕྱི་ཕྱོགས་ཀྱི་ནད་གཞིའི་འབྱུང་ཁུངས་གཏན་འགོག་བྱེད་དགོས། རྒན་རྒོན་ནམ་ཡང་ན་ལས་དོན་མི་སྣ་ལ་ཉིན15ཡི་ནང་དུ་རྒྱལ་ནང་དུ་ཡོང་བའི་མི་དང་འབྲེལ་བ་ཡོད་པ་དང་། ནད་རྟགས་གཏན་འཁེལ་བྱས་ཟིན་པའམ་ཡང་ན་དོགས་གཞི་ནད་པ་དང་འབྲེལ་བ་དམ་པོ་ཡོད་པ། ཚ་རྒྱག་པ་དང་གློ་ལུ་རྒྱག་པ། སྣ་ཆུ་བཞུར་བ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཡོད་པ། ནད་རྟགས་མེད་པའི་ནད་གཞི་དང་ནད་རྟགས་མེད་པའི་ནད་པ་ལ་འབྲེལ་བ་དམ་པོ་ཡོད་པའི་མི་ཡིན་པ་སོགས་ཀྱི་གནས་ཚུལ་གྲས་ཤིག་ཡོད་ཚེ་རྒན་གསོའི་སྒྲིག་གཞིར་ཞུགས་མི་ཆོག་པ་གསལ་བོར་གཏན་འཁེལ་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།