ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་དང་ཁ་པར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དང་། ཀྲུང་གོའི་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ཀྱི་ཚབ་མཛད་དེ་ལའོ་ཝའོ་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ནས་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་རྒྱབ་སྐྱོར་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གང་ཡིན་ཡང་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ཞིང་། ཀྲུང་གོས་རིམས་ནད་འགོག་བཅོས་བྱེད་པའི་གནད་འགག་གི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དུས་ཐོག་ཏུ་འཚམས་འདྲིའི་འཕྲིན་ཡིག་བསྐུར་བ་དང་། ལའོ་ཝའོ་སྤྱི་ཚོགས་ལས་རིགས་སོ་སོས་ཀྲུང་གོའི་ཕྱོགས་ལ་སྤུན་ཟླ་ལྟ་བུའི་རོགས་རམ་བྱས་ཏེ། ཕན་ཚུན་རོགས་ལས་དང་དཀའ་སྡུག་མཉམ་མྱོང་བྱེད་པའི་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་དབང་ཐུན་མོང་ཚོགས་པའི་སྙིང་སྟོབས་གསོན་ཉམས་ལྡན་པར་རྒྱས་བཤད་བྱས་པ་དེ་ཀྲུང་གོའི་མི་དམངས་ཀྱི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་གསལ་བོར་བཟུང་ཡོད། མིག་སྔར་ལའོ་ཝའོ་རྒྱལ་ནང་གི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པར་དཀའ་ཁག་བྱུང་ཡོད་པས་བདག་གིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་ཐུང་ངུའི་ནང་སྨན་བཅོས་ཆེད་མཁས་ཚན་ཆུང་རྩ་འཛུགས་བྱས་ཏེ་ལའོ་ཝའོ་རུ་མངག་པར་མ་ཟད། སྨན་བཅོས་མཁོ་དངོས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས། ཀྲུང་གོའི་ཕྱོགས་ཀྱིས་ལའོ་ཝའོ་ཕྱོགས་ཀྱི་དོན་དངོས་དགོས་མཁོར་གཞིགས་ཏེ། མུ་མཐུད་དུ་ལའོ་ཝའོ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་གཙོ་བྱས་པའི་ལའོ་ཝའོ་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ལའོ་ཝའོ་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་གྱི་རྒྱལ་ཁ་ལོན་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ལའོ་ཝའོ་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། སྔ་མོ་ནས་རིམས་ནད་འགོག་རྒོལ་གྱི་རྒྱལ་ཁ་ལེན་པར་བྱས་རྗེས་འཇོག་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ལའོ་ཝའོ་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་རྣམ་པ་སྲུང་འཛིན་བྱས་ཤིང་། ཀྲུང་གོ་དང་ལའོ་ཝའོ་ཡི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་འགུལ་སྐྱོད་འཆར་གཞི་དངོས་འབེབ་བྱེད་པ་དེ་སྣེ་ཁྲིད་དུ་བཟུང་སྟེ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ལའོ་ཝའོ་ཡི་ལྕགས་ལམ་དང་དཔལ་འབྱོར་བར་འཁྱམ་སོགས་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མི་གཞུང་མཉམ་ལས་ལ་སྐུལ་མ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། ཀྲུང་གོ་དང་ལའོ་ཝའོ་ཡི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས། དེ་མིན་སང་ལོའི་ལོ་མགོར་སྤེལ་རྒྱུ་ཡིན་པའི་ལའོ་ཝའོ་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པར་རྒྱལ་ཁ་ཐོབ་པའི་སྨོན་འདུན་ཞུས། 

པིན་དབྱང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་འདོམ་དང་བཀོད་སྒྲིག་བྱས་འོག ཀྲུང་གོའི་གུང་ཁྲན་ཏང་གིས་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཤིང་། ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མྱུར་མོར་ཕན་ནུས་ལྡན་པར་རིམས་ནད་འགོག་བཅོས་ཚོད་འཛིན་བྱས་པར་ལའོ་ཝའོ་ཕྱོགས་ཀྱིས་ཡིད་སྨོན་བྱེད་བཞིན་ཡོད། ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཆབ་སྲིད་ཡིད་ཆེས་ལ་ཤུགས་སྣོན་བྱེད་པ་དང་། ལའོ་ཝའོ་དང་ཀྲུང་གོའི་ལས་དབང་ཐུན་མོང་ཚོགས་པའི་འགུལ་སྐྱོད་འཆར་གཞི་དངོས་འབེབ་བྱེད་པར་དམ་འཛིན་བྱེད་པ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།