ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་དབུལ་སྐྱོར་རྣམ་གྲངས་དག་གི་ལས་འགོ་བསྐྱར་ཚུགས་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་ཕྱིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ཁང་། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པར་དབུལ་ཕོངས་ས་ཁུལ་གྱི་རྩོལ་ནུས་ཕྱི་ཕྱོགས་ལ་གླ་རྒྱག་པར་གཏོང་བ་དང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་རྣམ་གྲངས་ལས་འགོ་བསྐྱར་ཚུགས་བྱེད་ཤུགས་ཆེ་རུ་བཏང་ཡོད།

 ཚེས6ཉིན་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ3པ་ནས་བཟུང་ས་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་པོའི་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཕྱི་ལ་གླ་རྒྱག་པར་བསྐྱོད་རྒྱུའི་ཐད་ཤུགས་སྣོན་བརྒྱབ་པ་རེད། མིག་སྔའི་བར་ཞིང་ཆེན25ཡི་གླ་བ་ཁྲི་2085.94ཕྱི་བཏང་བ་དེ་ན་ནིང་གི་བསྡོམས་འབོར་གྱི76.43%ཟིན་ལ། ཟླ3པའི་ཚེས6ཉིན་དང་བསྡུར་ན་བརྒྱ་ཆའི་གྲངས24.4མཐོ་རུ་ཕྱིན་པ་རེད།

 མིག་སྔར་དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཕྱི་ཕྱོགས་ལ་གླ་རྒྱག་པར་སྐྱོད་པ་དང་དབུལ་སྐྱོར་འཁོར་ཁང་དང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས། དབུལ་སྐྱོར་རྣམ་གྲངས་བཅས་ཀྱི་ལས་འགོ་བསྐྱར་ཚུགས་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་ཕྱིན། རིམས་ནད་ཀྱིས་དབུལ་ཐར་འགག་སྒྲོལ་ལ་ཤུགས་རྐྱེན་ངན་པ་བཟོས་བ་དང་དབུལ་ཕོངས་མང་ཚོགས་རྣམས་ཡུལ་དངོས་དང་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་ནོར་སྲིད་པུའུ་གཉིས་ཀྱིས་བརྡ་ཐོ་བཏང་སྟེ་འོད་ཤུགས་དབུལ་སྐྱོར་ལ་བརྟེན་ནས་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་ལས་དོན་ཏན་ཏིག་ངང་བསྒྲུབས་རྒྱུ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ། ཡོང་འབབ་འཕར་བར་བྱས་ཏེ་དབུལ་ཐར་བརྟན་པོ་ཡོང་བར་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།