རྒྱལ་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་སྲིད་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་ལས་འགོ་བསྐྱར་འཛུགས་བྱེད་ཚད85%ལས་བརྒལ་བ།

གྲངས་གཞི་གསར་པ་ལས་མངོན་པར། སྤྱི་ཟླ4ཚེས1ཉིན་བར། རྒྱལ་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་སྲིད་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་སྐྲུན་བཞིན་པའི་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱེད་ཚད85%ལས་བརྒལ་ཡོད་པ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས། རིམས་ནད་ཀྱི་འགྱུར་ལྡོག་གསར་ཤོས་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་། ལས་འགོ་བསྐྱར་ཚུགས་བྱ་རྒྱུར་གནད་སྨིན་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བསྟན་ཡོད།

སྤྱི་ཟླ4པའི་ཚེས1ཉིན་བར། རྒྱལ་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་སྲིད་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁྱོན་ཆིག་འབུམ་བརྒྱད་ཁྲི་དྲུག་སྟོང་དྲུག་བརྒྱ་ཟིན་པ་དང་། ལས་འགོ་བསྐྱར་ཚུགས་བྱས་ཟིན་པ་ཆིག་འབུམ་ལྔ་ཁྲི་བརྒྱད་སྟོང་བདུན་བརྒྱ་ཟིན་པ། ལས་འགོ་བསྐྱར་ཚུགས་བྱེད་ཚད85.07%ཟིན་པའི་ནང་། ལས་འགོ་བསྐྱར་ཚུགས་བྱེད་ཚད90%ཡན་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་17ཚུད་ཡོད། རྒྱལ་ཡོངས་ཀྱི་ཁང་པ་འཚོང་སར་ལས་འགོ་བསྐྱར་ཚུགས་བྱེད་ཚད92.73%ཟིན་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར15ཡི་ལས་འགོ་བསྐྱར་ཚུགས་བྱེད་ཚད95%ལས་བརྒལ་ཡོད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས། རྒྱལ་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་བྱས་ཏེ། ཁེ་ལས་ལས་འགོ་བསྐྱར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བསྟན་ཡོད།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས། གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་ཀྱི་འགྱུར་ལྡོག་གསར་ཤོས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་སྟེ། ལས་འགོ་བསྐྱར་ཚུགས་བྱ་རྒྱུར་གནད་སྨིན་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།