རྒྱལ་ཡོངས་ས་གནས་ཁག་དང་མི་རིགས་ཁག་གི་མི་དམངས་ཀྱིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་དམག་འཐབ་རྩོད་ཁྲོད་རང་སྲོག་ཤོར་བའི་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་མྱ་ངན་ཟབ་མོ་ཞུས་པ།

 ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་རང་སྲོག་བློས་གཏོང་མཁན་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཟབ་མོ་ཞུས་པ།

 ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་རང་སྲོག་བློས་གཏོང་མཁན་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཟབ་མོ་ཞུས་པ། 

    ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་པེ་ཅིང་དུ་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས།

    ཤིན་ཧྭ་གསར་འགྱུར་ཁང་གི་འཕྲིན། རྒྱལ་དར་ཕྱེད་ཀ་ཕབ། མི་དམངས་གདུང་སེམས་མཉམ་དུ་སྐྱེས། ཟླ4བའི་ཚེས4ཉིན། ལྕགས་བྱི་ལོའི་དྭངས་གསལ་དུས་ཚིགས་སྐབས་རྒྱལ་ཡོངས་ས་གནས་ཁག་དང་མི་རིགས་ཁག་གི་མི་དམངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་རང་སྲོག་བློས་གཏོང་མཁན་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་མྱ་ངན་ཟབ་མོ་ཞུས་པ་རེད།
    ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྒྱལ་ས་པེ་ཅིང་དུ་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པ་རེད།
     ཏོག་གསར་གློ་ཚད་ཀྱི་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་དུ་མཆེད་མགྱོགས་ཤོས་དང་། འགོས་ཁྱབ་ཆེ་ཤོས། སྔོན་འགོག་དང་ཚོད་འཛིན་བྱེད་ཁག་ཤོས་བཅས་ཀྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེ་ཤོས་ཤིག་རེད། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་དྲག་པོའི་ནང་སྨན་དོན་མི་སྣ་དང་། ལས་བྱེད་ལས་བཟོ། སྡེ་ཁུལ་གྱི་ལས་དོན་པ་སོགས་ཁག་གཅིག་སྤྱི་དོན་དུ་སྐུ་གཤེགས་པ་དང་ནད་པ་མང་པོ་ཞིག་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་ཡོད།
    ཟླ4བའི་ཚེས4ཉིན། པེ་ཅིང་གི་གནམ་བདེ་སྒོ་མོ་དང་། ཤིན་ཧྭ་སྒོ་མོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་གནས་ཡུལ་དང་། རྒྱལ་ཡོངས་དང་ཕྱིར་སྡོད་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་བཅས་ཀྱིས་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུས་པ་མ་ཟད། རྒྱལ་ཡོངས་ཀྱི་སྤྱི་པའི་རོལ་རྩེད་བྱེད་སྒོ་སྤེལ་མཚམས་བཞག་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་རང་སྲོག་བློས་གཏོང་མཁན་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་མྱ་ངན་ཟབ་མོ་ཞུས་པ་རེད།
     ཀྲུང་ནན་ཧའེ་ཧོའེ་རེན་ཚོམས་ཆེན་གྱི་མདུན་དུ་སྒམ་བརླིང་གི་རྣམ་པས་ཁེངས་ཤིང་། གཞི་ནག་པོའི་ཐོག་ཡི་གེ་དཀར་པོ་བྲིས་པའི་འགེལ་བྱང་ཐོག “ཏོག་གསར་གློ་ཚད་ཀྱི་རིམས་ནད་ནང་རང་སྲོག་བློས་གཏོང་མཁན་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་མྱ་ངན་ཟབ་མོ་ཞུ”ཞེས་བཀོད་ཡོད། ཞི་ཅིན་ཕིང་སོགས་ཀྱིས་བྲང་ཁར་མེ་ཏོག་དཀར་པོ་རེ་བཏགས་གནང་ནས་དེ་གར་ཕེབས་ཤིང་། རྒྱལ་དར་ལ་ཕྱོགས་ནས་གུས་སྟབས་དང་བཅས་བཞེངས་ནས་ཡོད་པ་རེད།
    ཆུ་ཚོད10པ་ཏག་ཏག་ལ་མཁའ་ཟོན་ཉེན་བརྡ་གྲགས་ཤིང་། ཞི་ཅིན་ཕིང་སོགས་ཀྱིས་ངག་བསྡམས་ནས་ཏོག་གསར་གློ་ཚད་རིམས་ནད་ནང་རང་སྲོག་བློས་གཏོང་མཁན་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་མྱ་ངན་ཞུས་པ་རེད།
    སྐར་མ3མམ་སྐར་ཆ180ཡི་རིང་གང་སར་མྱ་ངན་གྱི་རྣམ་པས་ཡོངས་སུ་ཁེངས།
    དཔའ་བོའི་མེས་རྒྱལ་དང་དཔའ་བོའི་མི་དམངས་ཀྱིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་དགའ་སྐྱོ་གཉིས་ལྡན་གྱི་རིམས་འགོག་གི་ལེའུ་ཞིག་བརྩམས་ཡོད།
    སྐར་མ3མམ་སྐར་ཆ180ཡི་རིང་ཀྲུང་ཧྭ་ས་གཞི་ཆེན་མོའི་ཕྱོགས་ཀུན་ཏུ་ཉེན་ཟོན་གྱི་དུང་བརྡ་ལྷང་ལྷང་གྲགས།
    ད་ཐེངས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་སྔར་བྱུང་མྱོང་མེད་པའི་ཚོད་བགམ་ཞིག་རེད།
    སྐབས་དེར་ཧུའུ་པེ་དང་། ཝུའུ་ཧན། དེ་བཞིན་རྒྱལ་ཡོངས་ས་གནས་ཁག་ཏུ་མི་རྣམས་ཀྱིས་ཀྲོང་ངེར་ལངས་ཤིང་མགོ་བོ་སྒུར་ནས་སེམས་སྡུག་ཚད་མེད་ངང་མྱ་ངན་ཞུས་པ་དང་། རླངས་འཁོར་དང་། མེ་འཁོར། གྲུ་གཟིངས་བཅས་ཀྱི་དུང་བརྡ་ཡུན་རིང་བར་མེད་ངང་གྲགས།
    དཔའ་བོ་བདེ་བར་གཤེགས། དེ་རིང་འབྲི་ཆུའི་ལྷོ་བྱང་དང་ལྕགས་རི་རིང་པོའི་ཕྱི་ནང་གང་སར་རྒྱལ་ཁབ་ཀྱིས་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་དཔའ་བོར་མྱ་ངན་ཞུས་པ་དང་། མི་དམངས་ཀྱིས་ཆེས་གཏིང་ཟབ་པའི་དྲན་སེམས་བཅངས་ནས་དཔའ་བོར་སྐྱེལ་མ་ཞུས་པ་རེད།

༥༥.jpg

ཟླ4བའི་ཚེས4ཉིན་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱལ་དར་ཕྱེད་ཀ་ཕབ་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་རང་སྲོག་ཤོར་བའི་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་མྱ་ངན་ཞུས། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།