ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་ཁྱེར་གྱི་ས་ངོས་སྤྱི་སྤྱོད་རླངས་འཁོར་དང་ལྕགས་ལམ་འགྲིམ་འགྲུལ་ཞབས་ཞུ་ཁྱོན་ཡོངས་ནས་འཁོར་སྐྱོད་སླར་གསོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2020-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཚེས4ཉིན་གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཤོག་སོགས་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་དང་རྫོང་རིམ་པའི་གྲོང་ཁྱེར་ཡོངས་ཀྱིས་ས་ངོས་ཀྱི་སྤྱི་སྤྱོད་རླངས་འཁོར་ཞབས་ཞུ་སླར་གསོ་བྱས་ཡོད། དེ་སྔོན་གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར41ཏུའང་འཁོར་སྐྱོད་སླར་གསོ་བྱུང་ཡོད། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་དང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་འཁོར་སྐྱོད་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱེད་ཆེད། ཉེ་དུས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བརྡ་ཐོ་ཐེངས་མང་བཀྲམ་ནས་ས་གནས་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཁག་ལ་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལམ་སྲོལ་གྱི་འགོ་ཁྲིད་འོག ཁོངས་གཏོགས་ཁུལ་གྱི་ཉེན་ཁ་ཆུང་བ་དང་། ཉེན་ཁ་འབྲིང་བ། ཉེན་ཁ་ཆེ་བའི་རྫོང(གྲོང་ཁྱེར་དང་། ཁུལ། མདའ་བཅས)གི་མིང་ཐོ་གཞིར་བཟུང་། ཁུལ་བགོས་རིམ་དབྱེའི་དོ་དམ་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་འགྲོད་ལམ་འགྲུལ་སྐྱེལ། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ(གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་ཚུད་པ)དང་བོགས་གཏོང་རླངས་འཁོར(དྲ་བཅད་རླངས་འཁོར་ཚུད་པ)སོགས་སྐྱེལ་འདྲེན་ཞབས་ཞུ་སླར་གསོ་བྱ་རྒྱུར་ཁྲིད་སྟོན་བྱས། ཟླ4བའི་ཚེས3ཉིན་བར། རིམས་ནད་བྱུང་རིང་དུ་གྲོང་ཁྱེར་ཁག་གཅིག་གིས་གནས་སྐབས་མཚམས་འཇོག་བྱས་པའི་ས་ངོས་སྤྱི་སྤྱོད་རླངས་འཁོར་དང་ལྕགས་ལམ་འགྲིམ་འགྲུལ་ཞབས་ཞུ་ཚང་མ་འཁོར་སྐྱོད་སླར་གསོ་བྱས་ཡོད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།