ཀྲུང་གོ་བོད་ཀྱི་དྲ་བ།

འཕར་གནས་གསར་པ་སྟོབས་ཆེར་ཐོངས། གོང་འཕེལ་འགུལ་གསར་ཆགས་པ་བྱོས།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།   རྩོམ་པ་པོ། : ཟླ་བ་ཚེ་རིང་།   སྤེལ་དུས། : 2020-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ་ ༼འཕར་གནས་གསར་པ་སྟོབས་ཆེར་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་ནས། གོང་འཕེལ་གྱི་འགུལ་ནུས་གསར་པར་ཆགས་པ་བྱོས།༽ཞེས་པ་གཏོང་སྤེལ་བྱས་ཡོད།

དཔྱད་གཏམ་ནང་བསྟན་དོན། རིམས་ནད་ལ་ཁ་གཏད་གཅོག་པའི་དུས་སུ། ཀྲུང་གོས་དུས་ཐུང་གྱི་སྲིད་ཇུས་སྐུལ་འདེད་བྱེད་ཐབས་བཟུང་མེད་པ་དང་། རྒྱལ་སྤྱིའི་ཐོག་ཡོངས་ཁྱབ་ངང་སྤྱད་པའི་སྐྱེད་ཀ་གཅོག་པ་དང་ཚད་འབེབས་ལྷུག་གཏོང་གི་སྲིད་ཇུས་ཡང་བཟུང་མེད་པར། “སྒྱུར་བཅོས”ཞེས་པའི་རྩ་བ་ནས་བཅོས་སྐྱོང་བྱེད་ཐུབ་པའི་ཐབས་ཇུས་དེར་དམ་པོར་གཞིགས་ནས། འགག་རྩའི་ལྷུ་ཚིགས་དང་ཁྱབ་ཁོངས་གལ་ཆེན་ནང་སྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་སུ་བཏང་བ་དང་། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ཀྱི་“འཁོར་གཉིས་སྒུལ་བྱེད་འཕྲུལ་འཁོར་”སྤྱད་དེ་དཔལ་འབྱོར་གྱི་ཕུགས་ཀྱི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་“རྨང་གཞི”བཏིངས་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད། ས་གནས་ཁག་དང་ཚན་པ་ཁག་གིས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་། ནུས་ཤུགས་ཡོད་རྒུས་གསར་གཏོད་བྱེད་པ། བྱེད་བྲག་གི་རྨང་གཞི་གཏོད་པ། སྤྱི་ཁོག་གི་ཁོར་ཡུག་ལེགས་སུ་གཏོང་བ། ཁྲོམ་རའི་གསོན་ཤུགས་རྒྱས་པ། གོང་འཕེལ་གྱི་གཏིང་ཤུགས་འཕེལ་བ་བཅས་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ལ་བར་ཁམས་གསར་པ་ཞིག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།


རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།