ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་པེའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་སྐུ་གཤེགས་པའི་མི་སྣ14སྔོན་གཤེགས་དཔའ་བོར་གཏན་འཁེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས2ཉིན། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས《སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག》དང《 དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་པུའུ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ་ཡིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་བསྟོད་བསྔགས་ལས་དོན་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ།》དགོངས་དོན་གཞིར་བཟུང་། ཝང་པིང་དང་། ཧྥེང་ཞའོ་ལིན། ཅང་ཞུའེ་ཆིང་། ལིའུ་ཀྲི་མིང་། ལིས་ཝུན་ལེའང་། ཀྲང་ཁང་མེ། ཞའོ་ཅུན། ཝུའུ་ཡུང་། ལིའུ་ཧྥན། ཞ་སི་སི། ཧོང་ཝུན་ཅུན། མེ་ཀྲུང་མིང་། ཕེང་དབྱིན་ཧྭ། ལིའོ་ཅན་ཅུན་སོགས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་སྐུ་གཤེགས་པའི་མི་སྣ14སྔོན་གཤེགས་དཔའ་བོར་གཏན་འཁེལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།