ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200402100428MWLG.jpg

ཟླ3པའི་ཚེས29ཉིན་ནས་ཟླ4བའི་ཚེས1ཉིན་བར། ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

20200402100606JQHf.jpg

ཟླ3པའི་ཚེས29ཉིན་ནས་ཟླ4བའི་ཚེས1ཉིན་བར། ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

20200402100635CHwH.jpg

ཟླ3པའི་ཚེས29ཉིན་ནས་ཟླ4བའི་ཚེས1ཉིན་བར། ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་སྟེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། བརྒྱད་བརྒྱད་འཐབ་ཇུས་ཀྱིས་གཅིག་གྱུར་སྒོས་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ནས། དོན་དངོས་ཀྱི་བྱ་བ་བསྒྲུབ་པ་དང་ཀུན་གྱི་མདུན་དུ་སྐྱོད་དགོས་ལ། རིམས་ནད་འགོག་སྡོམ་དང་ལས་ཐོན་སླར་གསོའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པ་དང་། ནུས་ཤུགས་གང་ཡོད་བཏོན་ནས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་མ་ཟད་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རང་བཞིན་ཁྱོན་ཡོངས་ནས་མངོན་པར་བྱེད་ས་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་དགོས་ཟེར།

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་ནས་ཟླ་བཞི་བའི་ཚེས་གཅིག་ཉིན་བར། ཞི་ཅིན་ཕིང་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲི་ཅུན་དང་ཧྲིན་ཀྲང་ཡོན་ཅ་ཅུན་གཉིས་ཀ་དང་མཉམ་དུ་སྔ་གཞུག་ཏུ་ཉིན་པོ་དང་ཧུའུ་ཀྲིག  ཧང་ཀྲིག་སོགས་ཀྱི་གྲུ་ཁ་དང་ཁེ་ལས། ཞིང་སྡེ། སྐྱེ་ཁམས་བརླན་ས་སོགས་སུ་ཕེབས་ནས། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་བའི་བྱ་བར་རྟོག་ཞིབ་མཛད།

ཟླ་བཞི་བའི་ཚེས་གཅིག་ཉིན། ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་གྲོས་ཚོགས་བསྡུས་ནས་ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་ཀྲེ་ཅང་ཞིང་ཆེན་གྱིས་བསྒྲུབས་པའི་བྱ་བ་སྣ་ཚོགས་ལ་ཁས་ལེན་གང་ལེགས་བྱས། ཞི་ཅིན་ཕིང་གིས་བསྟན་དོན། དུས་སྐབས་ཤིག་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་རིམས་ནད་འགོག་སྡོམ་གནས་བབ་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བ་དང་། རྒྱལ་ནང་གི་རིམས་ནད་འགོས་ཁྱབ་བྱུང་ཚད་ཧ་ཅང་ཇེ་དམའ་རུ་སོང་ནའང་ཕྱི་ནས་ནང་ལ་རིམས་ནད་མཆེད་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་ལ། རང་རྒྱལ་ནི་ཕྱི་ནས་ནང་ལ་རིམས་ནད་མཆེད་པའི་ཉེན་ཁ་དང་འཕྲད་ཡོད་པས། ངེས་པར་དུ་ཕྱི་ནས་ནང་ལ་མཆེད་པ་སྔོག་འགོག་དང་ནང་ནས་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་འགོག་སྡོམ་བྱ་བ་གཙོར་འཛིན་པ་དང་རྒྱུན་འཁྱོངས་བྱེད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་དང་འགོག་སྲུང་ནན་མོ་བྱེད་པ་དང་། ལྷག་པར་དུ་ནད་རྟགས་མེད་པའི་འགོས་ཁྱབ་མཁན་ལ་དོ་དམ་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས་པར་མ་ཟད་མུ་མཐུད་དུ་ཞིབ་ཕྲ་སྒོས་འགོག་སྲུང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། ལས་ཐོན་སླར་གསོ་དང་སྤྱི་ཚོགས་འཚོ་བའི་བྱ་བ་གང་ལེགས་སྒོས་བསྒྲུབ་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ལ་རྐང་འཛུགས་པ་དང་རྒྱང་རིང་ལ་དམིགས་ཏེ། འཐབ་ཇུས་ཇུས་གཞི་དང་རྒྱང་རིང་གི་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་། ཞི་དྲག་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། རིམས་ནད་འགོག་སྡོམ་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཐུན་འཕྲོད་བསྟེན་འཕྲལ་སྒྲུབ་དོ་དམ་མ་ལག་ཆ་ཚང་དུ་བཏང་ནས། བྱ་བའི་སྟོབས་ཤུགས་དེ་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་དགོས། རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ཞིང་གྲོང་གསེབ་ཁོར་ཡུག་ལ་དག་ཐེར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཐུན་འཕྲོད་བསྟེན་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། དཔལ་ཡོན་བདེ་ཐང་དང་ལྗང་མདོག་ཁོར་སྲུང་གི་འཚོ་བའི་རྣམ་པ་དར་སྤེལ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་རིམས་ནད་འགོག་སྡོམ་འཐབ་རྩོད་ནི་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱེད་པའི་ཆུ་ཚད་དང་འགོ་ཁྲི་ཚན་ཁག་དང་ཏང་ཡོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་སུ་གཏོང་བར་ཉམས་སད་ཐེག་པ་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་བྱ་བ་དམ་འཛིན་བྱེད་པ་དང་ཏང་ཡོན་དང་ལས་བྱེད་པའི་རྒྱུན་ལྡན་རང་བཞིན་གྱི་སློབ་གསོའི་དོ་དམ་བྱ་བ་དམ་འཛིན་བྱེད་དགོས་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ལྷག་པར་དུ་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཞུ་བསྒྲུབ་པའི་ཐད་ལ་ཤུགས་སྣོན་པ་དང་། མང་ཚོགས་ལ་དྲིལ་སྒྲོག་སློབ་གསོ་གཏོང་བའི་ཐད་ལ་ཤུགས་བསྐྱེད་དགོས་ལ། མང་ཚོགས་གཅིག་སྡུད་དང་རྩ་འཛུགས་བྱེད་པའི་ཐད་ལ་ཤུགས་འདོན་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་གཅིག་སྡུད་བྱས་ཏེ་ཁྱོན་ཡོངས་ནས་ཞིབ་ལྟ་དང་བཅོས་སྐྱོང་བྱེད་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཐད་ལ་གཞི་རིམ་ལས་བྱེད་པ་མང་པོས་ནུས་ཤུགས་གང་ཡོད་འདོན་དགོས་ཟེར།

ཏེའུ་ཞང་ཞོ་དང་ལིག་ཧི། ཧི་ལིས་ཧྥུན། དེ་མིན་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་རྟོག་ཞིབ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།