ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ཐུང་ཁའོ་ཝུན་ཏེ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་རྒྱ་གར་དབར་ཕྱི་འབྲེལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུས། ལིས་ཁི་ཆང་དང་རྒྱ་གར་གྱི་ཙུང་ལི་མོ་ཏི་དབར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། ཟླ4བའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ཐུང་ཁའོ་ཝུན་ཏེ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ལོ་ངོ70ལ་ཕྱིར་མིག་བལྟས་ཚེ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོས་ཞི་བདེ་དང་དར་རྒྱས་ལ་ཕྱོགས་པའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས། འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་དེ་བས་དམ་ཟབ་འཛུགས་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། མིག་སྔར་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་འགོ་འཛུགས་ས་གསར་པར་སླེབས་ནས་གོ་སྐབས་གསར་པ་བསུས་ཡོད། ངས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཁའོ་ཝུན་ཏེ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་ཆེན་པོ་ཐོབ་པ་དང་། ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་ལ་དྲང་ནུས་དེ་བས་མང་པོ་འདོན་འདོད་ཡོད།

ཁའོ་ཝུན་ཏེ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་པར། འདས་ཟིན་པའི་ལོ70ཡི་རིང་། རྒྱ་གར་དང་ཀྲུང་གོའི་འབྲེལ་བར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་ཆབ་སྲིད་དང་། དཔལ་འབྱོར། མི་ཆོས་སོགས་ཁྱབ་ཁོངས་ཀྱི་འབྲེལ་བར་ཉིན་བཞིན་ཤུགས་སྣོན་ཐེབས་ཡོད། རྒྱ་གར་དང་ཀྲུང་གོ་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པའི་ངོས་ནས། འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་གལ་འགངས་ཆེན་པོ་ལྡན། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དེ་བས་ཟབ་པའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད། ལིས་ཁི་ཆང་གིས་མཛའ་མཐུན་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་ནི་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤ་ཡ་དང་འཛམ་གླིང་ལའང་ཕན་ཐོགས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ70འཁོར་བ་གོ་སྐབས་སུ་བཟུང་ཏེ། ཀྲུང་གོ་དང་རྒྱ་གར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། མོ་ཏིས་ཕྱི་འབྲེལ་བཙུགས་ནས་ལོ་70སོང་རིང་། རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། མི་ཆོས་སོགས་ཁྱབ་ཁོངས་བཅས་ཀྱི་འབྲེལ་བ་བརྟན་པོའི་ངང་རྒྱ་ཆེར་ཕྱིན་ཡོད། རྒྱབ་ཁབ་གཉིས་པོས་རོགས་ལས་ལ་ཤུགས་སྣོན་རྒྱབ་ནས་ཕན་ཚུན་མཐུན་སྒྲིལ་གྱིས་འཛམ་གླིང་ལ་འཕྲད་པའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།