ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ནད་རྟགས་མེད་པའི་ནད་པར་འགོ་ནད་རང་བཞིན་ལྡན་སྲིད་ཅེས་བརྗོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས31ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཞུང་ཕྱོགས་དྲ་བའི་སྟེང《པྲོག་གསར་གློ་ཚད་ཀྱི་ནད་རྟགས་མེད་པའི་ནད་པ་ལ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་སྐོར་གྱི་དྲིས་ལན》ཁྱབ་བསྒྲགས་བྱས་ཤིང་། ཉེ་ཆར་དྲ་དམངས་ཀྱིས་ནད་རྟགས་མེད་པའི་ནད་པ་དང་འབྲེལ་འདྲིས་ཡོད་པའི་གནད་དོན་ལ་ལན་བརྒྱབ་པ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོའི་ཟླ3པའི་ཚེས30ཉིན་གྱི་ཆུ་ཚོད24བར་གསོ་རིག་ལྟ་ཞིབ་དང་ལེན་བྱེད་མཁན་གྱི་ནད་རྟགས་མེད་པའི་ནད་པ1541ཡོད་པའི་ནང་ཕྱི་རྒྱལ་ནས་ཡོང་བའི་ནད་པ205ཡོད་པ་རེད།

 རྩོམ་ཡིག་ནང་རྒྱལ་ཁབ་དང་ཞིང་ཆེན་ཁག་གཅིག་གིས་སྤེལ་བའི་འབྲེལ་འདྲེས་དམ་ཟབ་བྱེད་མཁན་གྱི་ལྟ་ཞིབ་ཚད་ལེན་གཞི་གྲངས་ལ་གཞིགས་ན། ནད་རྟགས་མེད་པའི་ནད་པ་དང་འབྲེལ་འདྲེས་དམ་ཟབ་བྱེད་མཁན་ལ་རབས་གཉིས་པའི་ནད་དཔེ་བྱུང་དང་འབྱུང་བཞིན་ཡོད་ལ། རིམས་ནད་རིག་པའི་བརྟག་དཔྱད་ཁྲོད་ནད་རྟགས་མེད་པའི་ནད་པ་ཁག་གཅིག་གིས་བསླངས་པའི་འདུས་འདྲེས་རང་བཞིན་གྱི་རིམས་ནད་བྱུང་བ་ཤེས་རྟོགས་བྱུང། ནད་གཞི་ཆུང་བའི་ཞིབ་འཇུག་ལས་མངོན་པ་ལྟར་ན། ནད་རྟགས་མེད་པའི་ནད་པའི་དབུགས་ལམ་གྱི་མ་དཔེ་ཁྲོད་ནད་དུག་གི་ཐེག་ཚད་དང་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ་གཉིས་ལ་ཁྱད་པར་ཆེན་པོ་མེད་པ་རེད།

  མིག་སྔའི་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལ་ཕྱོགས་བསྡུས་བྱས་པ་ཡིན་ན། ནད་རྟགས་མེད་པའི་ནད་པ་ལ་འགོ་ནད་རང་བཞིན་ལྡན་མོད། འོན་ཀྱང་དེའི་འགོ་ཡུན་རིང་ཐུང་དང་འགོས་གཤིས་དྲག་ཞན། ཁྱབ་སྤེལ་བྱེད་སྟངས་སོགས་ད་དུང་གོམ་གང་མདུན་སྤོས་སྒོས་ཚན་རིག་ཞིབ་འཇུག་བྱ་དགོས། ཆེད་མཁས་པ་ཁ་ཤས་ཀྱིས་ནད་རྟགས་མེད་པའི་ནད་པའི་དབུགས་ལམ་གྱི་མ་དཔེ་ལས་ནད་འབྱུང་ཉིང་སྐྱུར་ཡོད་པ་ཚད་ལེན་བྱུང་ནའང་། གློ་ལུ་དང་ཧབ་སྦྲིད་རྒྱག་པ་སོགས་ཀྱི་ནད་ཐོག་ནད་རྟགས་མེད་སྟབས་ལུས་པོའི་ཕྱི་རོལ་ནས་འགོ་ཁྱབ་བྱེད་པའི་གོ་སྐབས་ཅུང་ཉུང་བར་འདོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།