2020ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དུས་ཚོད་བཀོད་སྒྲིག་སྤྱི་བསྒྲགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བ་བརྒྱུད།   2020ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་གཅིག་གྱུར་རྒྱུགས་ལེན(གཤམ་དུ“མཐོ་རྒྱུགས”ཞེས་བསྡུས་ཡོད)དུས་ཡུན་ཟླ་གཅིག་ཕྱིར་འགྱངས་བྱ་རྒྱུ་ཡིན་པ་དང་།  རྒྱུགས་ལེན་དུས་ཚོད་ནི་ཟླ7ཚེས7ནས་ཚེས8ཉིན་བར་ཡིན་པ་རེད། 

བྱེ་བྲག་གི་སྦྱང་ཚན་སོ་སོའི་རྒྱུགས་ལེན་དུས་ཚོད་ནི།  སྤྱི་ཟླ7པའི་ཚེས7ཉིན་གྱི་དུས་ཚོད9:00ནས11:30བར་རྒྱ་ཡིག་དང་།  དུས་ཚོད15:00ནས17:00བར་གྲངས་རིག   ཟླ7པའི་ཚེས8ཉིན་གྱི་དུས་ཚོད9:00ནས11:30བར་རིག་ཚན་དང་རྩིས་ཚན་ཕྱོགས་བསྡུས་ཡིན་ལ།  དུས་ཚོད15:00ནས་17:00བར་དབྱིན་ཡིག་ཡིན། 

ཧུའུ་པེ་ཞིང་ཆེན་དང་།  པེ་ཅིན་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཞིགས་ཏེ།  ས་ཁུལ་དེ་གའི་མཐོ་རྒྱུགས་ཀྱི་དུས་ཚོད་བཀོད་སྒྲིག་ལ་ཞིབ་འཇུག་བྱས་ནས་བསམ་འཆར་བཏོན་ཆོག་པ་དང་།  སློབ་གསོ་པུའུ་ཡིས་མོས་མཐུན་བྱས་རྗེས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་རེད།  ། 

སློབ་གསོ་པུའུ་ནས།

2020ལོའི་ཟླ3པའི་ཚེས31ཉིན།

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།