ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཡང་བསྐྱར་ཨན་ཅི་རྫོང་ཡུས་གྲོང་སྡེར་རྟོག་ཞིབ་གནང་བར་ཕེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན་གྱི་ཕྱི་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ15ཡི་རྗེས་སུ་སླར་ཡང་ཀྲེ་ཅང་ཨན་ཅི་རྫོང་ཡུས་གྲོང་སྡེར་རྟོག་ཞིབ་གནང་བར་ཕེབས་པ་རེད། 2005ལོའི་ཟླ8པའི་ཚེས15ཉིན་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་གིས་ཡུས་གྲོང་སྡེར་རྟོག་ཞིབ་གནང་སྐབས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་ཚན་རིག་དང་མཐུན་པའི་ཆོད་གཏམ་ཐོག་མར་བཏོན་པ་རེད། སྡེ་བའི་འགྲོ་ལམ་བརྒྱུད་དེ་སྐྱོད་སྐབས་གནམ་མཁའ་སྔོ་ཞིང་དྭངས་ལ། ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ། འགྲོ་ལམ་གཙང་ཞིང་གྲལ་འགྲིག་པ། ཁྱིམ་ཚང་ཚང་མ་མཛེས་ཤིང་སྡུག་པའི་ཁང་པའི་ནང་སྡོད་པ་བཅས་མཐོང་སྐབས་ཞི་ཅིན་ཕིང་དགའ་སྤྲོ་ཆེན་པོ་སྐྱེས་པ་རེད། སྡེ་བའི་མང་ཚོགས་རྣམས་ལམ་འགྲམ་དུ་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཤིང་སླར་ཡང་ཡུས་གྲོང་སྡེར་ཕེབས་པར་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་དེ་སྔོན་གྱི་གནས་ཚུལ་དེ་ད་ཐེངས་དང་བསྡུར་ན་རྦད་དེ་མི་འདྲ་ཞིང་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་བྱས་པ་དེ་ཡུས་གྲོང་སྡེ་ནས་མངོན་འགྱུར་བྱུང་ཡོད། ཡུས་གྲོང་སྡེས་བླངས་པའི་གྲུབ་འབྲས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ནི་ཡང་དག་ཡིན་པ་ར་འཕྲོད་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།