ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་ཞི་ཅིན་ཕིང་གི《 མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་བ》ཞེས་པའི་དཔེ་དེབ་དེ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་བ》ཞེས་པ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་རྒྱུན་འཁྱོངས་བྱེད་པའི་སྐོར་གྱི་རྩོམ་ཡིག་གལ་ཆེན85བསྡུས་ཡོད། དེབ་འདི་འཇར་པན་གྱི་ཡི་གེའི་པར་གཞི་དང་། དེ་སྔོན་དཔེ་སྐྲུན་བྱས་པའི་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེའི་པར་གཞི་དེ་ཕྱི་རྒྱལ་གྱི་ཀློག་པ་པོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པའི་འདུ་ཤེས་ཀྱི་ཤེས་རྟོགས་གཏིང་ཟབ་ལོན་པ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་དགོངས་པའི་ནང་དོན་དང་རང་རྒྱལ་གྱི་ཕྱི་འབྲེལ་བྱེད་ཕྱོགས་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལེན་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཞི་ཅིན་ཕིང་གི《 མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་བ》ཞེས་པ་འཇར་པན་ཡི་གེའི་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།