ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཏང་ཡོན་བྱེ་བ་བདུན་དང་ས་ཡ་དགུ་ཁྲི་གཅིག་ལྷག་གིས་ཞལ་འདེབས་མ་དངུལ་ཕུལ་ཏེ་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བར་རྒྱབ་སྐྱོར་བྱས།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2020-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་བརྙན་འཕྲིན་དྲ་བའི་གློག་འཕྲིན་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དག་གིས་ལང་ལོང་སྒོས་ཞལ་འདེབས་ཕུལ་ནས། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱ་བར་རྒྱབ་སྐྱོར་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་བར། རྒྱལ་ཡོངས་སུ་ཏང་ཡོན་བྱེ་བ་བདུན་དང་ས་ཡ་དགུ་ཁྲི་གཅིག་ལྷག་གིས་རང་འགུལ་ལྟར་མ་དངུལ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་གཉིས་བྱེ་བ་དགུ་ཞལ་འདེབས་སུ་ཕུལ་ཡོད་པ་དང་། ཞལ་འདེབས་འབུལ་བའི་བྱ་འགུལ་མུ་མཐུད་དུ་སྤེལ་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།