ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ནས་བཏང་བའི་བརྡ་ཐོ་ཞིག

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c41a55f6-d9bb-439b-8a2e-58af58529c6a.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུས《མཐོ་སློབ་ཀྱི་ལོ་ན་བགྲེས་པའི་དགེ་རྒན་གྱིས་ནུབ་རྒྱུད་ལ་རོགས་སྐྱོར་བྱེད་པའི་འཆར་གཞིའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ནས། མཐོ་སློབ་ཀྱི་ལོ་ན་བགྲེས་པའི་དགེ་རྒན་གྱིས་ནུབ་རྒྱུད་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་ཡོད། ནུབ་རྒྱུད་ས་ཁུལ་གྱི་ལས་རིགས་དང་། ཐོན་ལས། ཁེ་ལས་བཅས་ལ་དགོས་མཁོ་ཆེ་བའི་ཆེད་ལས་དཀོན་པོར་དམིགས་ཏེ། མཐོ་སློབ་ཀྱི་ལས་འཁྱུར་ངལ་གསོ་ཞུས་པའི་ཕུལ་བྱུང་དགེ་རྒན་ཁག་གཅིག་བདམས་ནས། སློབ་སྐྱོར་དང་ཞིབ་འཇུག་ལ་རོགས་སྐྱོར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། 

   《ཇུས་གཞི》ལྟར་ན། 2020ལོར་སློབ་གསོ་པུའི་ཐད་གཏོགས་ཀྱི་མཐོ་སློབ་ཁག་གཅིག་ནས་རྒན་ཡོལ་ཞུས་པའི་དགེ་རྒན་120ནས་140བར་བསྡུས་ཏེ། ཀྲུང་གོའི་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་དང་། ཐ་ལི་མུའུ་སློབ་ཆེན། ཡུན་ནན་ནུབ་རྒྱུད་ཉེར་སྤྱོད་ལག་རྩལ་སློབ་ཆེན་བཅས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། ཁག་དང་པོའི་རོགས་སྐྱོར་དགེ་རྒན་2020ལོའི་དཔྱིད་ཀའི་སློབ་དུས་སུ་དམིགས་སར་འབྱོར་རྒྱུ་ཡིན་པ་རེད། 

《ཇུས་གཞིའི》ནང་། ཁག་དང་པོའི་རོགས་སྐྱོར་མངགས་གཏོང་དགེ་རྒན་ནི། སྤྱིར་བཏང་དུ་སློབ་གསོ་པུའི་ཐད་གཏོགས་ཀྱི་མཐོ་སློབ་ཀྱི་ལས་འཁྱུར་ངལ་གསོ་ཞུས་པའི་དགེ་རྒན་ཁྲོད་ནས་འདེམས་སྒྲུག་བྱེད་དགོས་པ་དང་། ལོ་70(ཚུད་པ)མན་ཡིན་པ།(གཟུགས་གཞི་ཧ་ཅང་བདེ་ཐང་ཡིན་ན་ལོ་ཚོད་ཀྱི་ཆ་རྐྱེན་འོས་འཚམ་གྱིས་ལྷོད་ཡང་བཏང་ཆོག) མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་པ་དང་སློབ་གྲྭ་ནས་སློབ་ཁྲིད་དང་ཚན་ཞིབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། དགེ་རྒན་གྱི་ཀུན་སྤྱོད་བཟང་བ། ལས་གཅེས་ལས་བཀུར། ལས་སྒོ་བྱང་ཆུབ་པ་བཅས་ཡིན་པ་དང་། གཟུགས་པོ་བདེ་ཐང་ཡིན་པ། ལེགས་སྐྱེས་འབུལ་འདོད་ཆེ་བ། དཀའ་སྡུག་ལ་མི་སྐྲག་པ། སྤྱོད་ཚུལ་ཏན་ཏིག་བཅས་ཡིན་དགོས་པའི་བླང་བྱ་བཏོན་ཡོད། 

མངགས་གཏོང་དགེ་རྒན་གྱི་ལས་དོན་ནི་སློབ་ཚན་སློབ་ཁྲིད་དང་། སློབ་ཁྲིད་མཛུབ་ཁྲིད། བྱ་གཞི་ཞིབ་འཇུག ཚོགས་པ་འཛུགས་སྐྱོང་བཅས་ལ་མཛུབ་ཁྲིད་བྱ་རྒྱུ་གཙོ་བོ་ཡིན་པ་དང་། དུས་ཐུང་སློབ་ཁྲིད་དང་རྒྱང་ཁྲིད་སློབ་གསོ། མཉམ་བགྲོད་སློབ་ཁྲིད། རིག་གཞུང་འཆད་འཁྲིད(སྙན་ཞུ)བཅས་ཞོར་དུ་གཉེར་དགོས། བརྒྱུད་གཏོང་དང་། རོགས་རམ། སྣེ་ཁྲིད་བཅས་ཀྱི་བྱེད་ཐབས་སྤྱད་དེ། རོགས་སྐྱོར་དང་ལེན་བྱེད་མཁན་གྱི་མཐོ་རིམ་སློབ་གྲྭའི་དགེ་རྒན་ལ་སློབ་ཁྲིད་དང་། ཚན་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པ། རོགས་སྐྱོར་དང་ལེན་བྱེད་མཁན་གྱི་མཐོ་རིམ་སློབ་གྲྭའི་དགེ་རྒན་ལ་སྔོན་ཐོན་གྱི་སློབ་ཁྲིད་བྱེད་སྟངས་དང་ཚན་རིག་ཞིབ་འཇུག་གི་འདུ་ཤེས་བརྒྱུད་བསྒྲགས་བྱེད་པ་བཅས་རེད། ཡུན་རིང་མངགས་གཏོང་དགེ་རྒན་གྱི་རོགས་སྐྱོར་ཞབས་ཞུའི་དུས་ཚོད་རྩ་བའི་ཆ་ནས་སློབ་ལོ་1ལས་མི་ཉུང་བ་དང་། སློབ་ལོ་རེར་སློབ་ཚན་64ལས་མི་ཉུང་བའི་སློབ་ཁྲིད་ལས་དོན་གྱི་འགན་འཁུར་བ། ཞིབ་འཇུག་བྱ་གཞི་1གི་ནང་ཞུགས་པ། བརྒྱུད་ཁྲིད་དང་རོགས་རམ། སྣེ་ཁྲིད་བཅས་ཀྱི་བྱ་ཐབས་སྤྱད་དེ་ན་གཞོན་དགེ་རྒན་ལ་མཛུབ་ཁྲིད་བྱེད་པ། རིག་གཞུང་འཆད་ཁྲིད་དང་སློབ་དཔྱོད་སོགས་ཀྱི་བྱེད་སྒོ་འགའ་ཞིག་སྤེལ་བ། དུས་ཐུང་དང་རྒྱང་ཁྲིད་རོགས་སྐྱོར་དགེ་རྒན་གྱིས“ཕན་འབྲས་མངོན་གསལ་དོད་པོ་དང་། རྣམ་པ་སྣ་ཚོགས། དུས་ཚོད་སྟབས་བདེ”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། རོགས་སྐྱོར་བྱ་ཡུལ་མཐོ་སློབ་ཀྱི་དགོས་མཁོར་གཞིགས་ནས་སློབ་སྐྱོར་དང་ཞིབ་འཇུག་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་དགོས། 

རོགས་སྐྱོར་དགེ་རྒན་གྱི་ཐོབ་ཐང་དང་དོ་དམ་གྱི་གནད་དོན་ཐད། སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་འགན་འཁུར་བས། སློབ་གསོ་པུས་པུའུ་རིམ་པ་དེ་གའི་གྲོན་དངུལ་ནས་ཐད་ཀར་མ་དངུལ་གཏོང་སྤྲོད་བྱས་ཏེ་རོགས་སྐྱོར་བྱེད་མཁན་གྱི་དགེ་རྒན་ལ་ཁ་གསབ་སྤྲོད་རྒྱུ་ཡིན་པ་དང་། ཁ་གསབ་རོགས་དངུལ་དེ་རོགས་སྐྱོར་བྱེད་མཁན་གྱི་རྣམ་པར་གཞིགས་ནས་ལོ་ལྟར་དང་ཟླ་རེ་བཞིན། ཡང་ན་སློབ་ཁྲིད་ཀྱི་དུས་ཚོད་གཞིར་བཟུང་ནས་སྤྲོད་ཆོག་ཅེས་བཤད་པ་རེད། དུས་མཚུངས་སུ། སློབ་གསོ་པུས་ད་དུང་རོགས་སྐྱོར་བྱ་ཡུལ་མཐོ་སློབ་ལ་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་གྲོན་དངུལ་དང་། མངགས་གཏོང་བྱེད་ཡུལ་དུ་ཕར་འགྲོ་ཚུར་འོང་བྱེད་པའི་འགྲིམ་འགྲུལ་ལམ་གྲོན། བསམ་ཡུལ་ལས་འདས་པའི་འགན་བཅོལ་གྲོན་དངུལ། དགོས་ངེས་ཀྱི་ཚོང་ལས་སྨན་བཅོས་འགན་བཅོལ་གྲོན་དངུལ། དྲོད་ལེན་གྲོན་དངུལ་སོགས་འགན་ལེན་རང་བཞིན་གྱི་གྲོན་དངུལ་མཁོ་འདོན་བྱ་རྒྱུར་མཐུན་སྦྱོར་ཧུར་ཐག་བྱ་རྒྱུ་ཡིན་ལ། མངགས་གཏོང་དགེ་རྒན་གྱིས་ཞབས་ཞུ་སྒྲུབ་རིང་གི་མི་དོན་འབྲེལ་བ་དང་། ད་ལྟ་ལོངས་སུ་སྤྱོད་པའི་ལས་འཁྱུར་ངལ་གསོའི་ཐོབ་ཐང་མི་བསྒྱུར་ཞེས་བཤད་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།