ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཐུན་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་ཁྲིམས་འཛུགས་བཟོ་བཅོས་བཅའ་ཁྲིམས་ལ་ཤུགས་སྣོན་པའི་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ3པའི་ཚེས26ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཐུན་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་ཁྲིམས་འཛུགས་བཟོ་བཅོས་བཅའ་ཁྲིམས་ལ་ཤུགས་སྣོན་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས26ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཐུན་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་ཁྲིམས་འཛུགས་བཟོ་བཅོས་བཅའ་ཁྲིམས་ལ་ཤུགས་སྣོན་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཐུན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་བཟོ་བཅོས་བཅའ་ཁྲིམས་བྱ་བ་འཐུས་ཚང་དུ་གཏོང་བར་ཤུགས་བསྣན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཐུན་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་བའི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་བཞག་ཡོད་པ་དང་། ཐེངས་མང་པོར་ཁྲིམས་ལྟར་འགོག་བཅོས་ཚོད་འཛིན་དང་ཁྲིམས་ལྟར་ལེགས་བཅོས་བྱེད་དགོས་པའི་གལ་ཆེན་རང་བཞིན་གསལ་བོར་བསྟན་ཡོད་པར་མ་ཟད། སྤྱི་ཐུན་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་དང་བཅའ་ཁྲིམས་མ་ལག་གི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ། རིམས་ནད་འགོག་བཅོས་ཚོད་འཛིན་དང་རྒྱལ་ཁབ་ཀྱི་སྤྱི་བའི་འཕྲོད་བསྟེན་འཕྲད་སྒྲུབ་དོ་དམ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་སོགས་ཀྱི་ཐད་ལ་ཁྲིམས་འཛུགས་ཀྱི་འགན་འཁྲིའི་རེ་བ་གསལ་བོ་བཏོན་ཡོད། རྒྱལ་ཡོངས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་ལ་བདེ་ཐང་ལ་འགན་སྲུང་བྱེད་པ་དང་། ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་མཐོ་ཚད་ནས་ཁྲིམས་འཛུགས་བཟོ་བཅོས་བཅའ་ཁྲིམས་བྱ་བར་རྒྱུས་ལོན་དང་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ལོ་མང་པོའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱིས་སྤྱི་བའི་འཕྲོད་བསྟེན་གྱི་ཁྱབ་ཁོངས་སུ་བཅའ་ཁྲིམས་མང་པོ་གཏན་འཁེལ་བྱས་ཏེ། ཁྲིམས་ལྟར་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་དང་སྤྱི་བའི་འཕྲོད་བསྟེན་གྱི་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ཐད་ལ་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། ཡིན་ནའང་ཐེངས་འདིའི་རིམས་ནད་ཀྱིས་སྔར་ཡོད་བཅའ་ཁྲིམས་ཁྲོད་ཀྱི་ཆད་ལྷག་དང་མི་འདང་ས་སྐོར་ཞིག་ཕྱིར་མངོན་དུ་བཅུག་ཡོད་ལ། ཁྲིམས་ལུགས་རང་སྟེང་ལ་མཚོན་ནའང་དུས་རབས་དང་ལག་ལེན་གྱི་འཕེལ་རྒྱས་གཞིར་བཟུང་ནས་དུས་བསྟུན་མདུན་སྐྱོད་བྱེད་རྒྱུ་ནི་མཁོ་གལ་ཆེ་བ་ཞིག་ཡིན་པ་དང་། དེ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་རེ་བ་དང་ཡང་ཧ་ཅང་མཚམས་པ་རེད་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མེན་དང་ཀྲང་ཁྲུང་ཞན། ཧྲིན་ཡའོ་ཡའོ། ཅི་པེན་ཞོན། ཨེ་ལི་ཀིན་དབྱི་མེན་པ་ཧེ། ཝན་ཨིག་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པདྨ་འཕྲིན་ལས། ཏིན་ཀྲུང་ལི། ཧོ་མེན་ཅིན། ཚེ་ཏ་ཧྥིན། ཝུའུ་ཝེ་ཧྭ་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།