ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། ཁྱོན་ཡོངས་དང་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་འགྱུར་ལྡོག་ལ་བརྡར་ཤ་གཅོད་པ་དང་། རིམས་ནད་གནས་བབ་ཀྱི་ཛ་དྲག་རང་བཞིན་གསལ་བོར་ཤེས་པར་བྱེད་དགོས་ལ། བསམ་བློ་གཏན་ནས་ལྷོད་གཡེང་དུ་མི་གཏོང་བ་དང་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་ཡང་བསྐྱར་འཕར་བ་འགོག་པའི་འགོག་སྡོམ་འཐབ་ཇུས་རྒྱུན་འཁྱོངས་བྱེད་དགོས་ལ། འཕྲལ་སྒྲུབ་དང་རྒྱུན་རྣམ་ཅན་གྱི་འགོག་སྡོམ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིམས་ནད་ཀྱི་རྒྱལ་ནང་འགོག་སྡོམ་དང་རྒྱལ་ཁོངས་བརྒལ་ནས་ཕྱི་ནང་ལ་མཆེད་པའི་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད། ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བའི་སྒོ་ནས་འགོག་སྡོམ་བྱེད་པ་དང་མཉམ་དུ་ཧུར་ཐག་སྒོས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཕྱི་རྒྱལ་དུ་རིམས་ནད་འགོས་ཁྱབ་བྱུང་བ་ཧ་ཅང་མགྱོགས་པས། མཁའ་སྐྱོད་གྲུ་ཁ་ནས་རིམས་ནད་ཕྱི་ནང་ལ་མཆེད་པར་འགོག་སྡོམ་བཟང་བོ་བྱེད་དགོས། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་རོགས་སྐྱོར་བྱས་ཏེ་དཀའ་ཁག་དང་འཕྲད་པའི་མི་སྣར་དམིགས་བསལ་གྱི་རོགས་རམ་འདོན་སྤྲོད་བྱེད་དགོས། ས་གནས་ཁོངས་གཏོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ་སྐམ་ས་དང་ཆུ་ལམ་ནས་རིམས་ནད་ཕྱི་ནང་ལ་མཆེད་པ་སྔོན་འགོག་བྱེད་པའི་བྱ་བར་ཤུགས་སྣོན་དགོས། མཐའ་ཁུལ་སྡོད་དམངས་དང་ཕྱི་འབྲེལ། དཔལ་འབྱོར་ཉོ་ཚོང་ཚན་རྩལ་མི་སྣ་གཙོ་བོ་ལས་གཞན་སྐམ་སའི་སྐྱེལ་འདྲེན་གྲུ་ཁ་ནས་ནང་ལ་ཡོང་བའི་མི་སྣར་གཏན་འཁེལ་ལྟར་གཅིག་བསྡུས་སྒོས་ལོགས་སུ་བཀར་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།