ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པས་པྲོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

1.jpg

 ཟླ3པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པས་པྲོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་མ་ཟད། 《ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་དང་དུས་ངལ་མཉམ་སེལ་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས26ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པས་པྲོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་མ་ཟད། 《ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་དང་དུས་ངལ་མཉམ་སེལ་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་བཤད་རྒྱུར། གློ་བར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཀྲུང་གོ་སྲིད་གཞུང་དང་། ཀྲུང་གོ་མི་དམངས་ཀྱིས་དཀའ་ཚེགས་དང་ཉེན་ཁ་ལ་མི་སྐྲག་པར། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་། ལུས་ཕུང་བདེ་ཐང་ཨང་དང་པོར་བཞག་སྟེ། ཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས།  གནད་འཁེལ་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། དམངས་ཡོངས་ལ་སྐུལ་སློང་དང་། མཉམ་འགོག་མཉམ་བཅོས། གསལ་བསྒྲགས་བཅས་མཐའ་འཁྱོངས་བྱས་ཏེ། རིམས་ནད་ལ་འགོག་རྒོལ་བྱེད་པའི་མི་དམངས་དམག་འཁྲུག་ཅིག་བརྒྱབ་ཡོད། དཀའ་སྤྱད་འབད་བརྩོན་དང་བློས་གཏོང་ཆེན་པོ་བྱས་པ་བརྒྱུད། མིག་སྔར་ཀྲུང་གོའི་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ཀྱིས་སླར་གསོ་བྱུང་ཡོད། འོན་ཀྱང་ང་ཚོས་སྔར་བཞིན་དོགས་ཟོན་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། མིག་སྔར་རིམས་ནད་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དགོས་མཁོ་ཆེ་ཤོས་ནི་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། མཐུན་སྒྲིལ་ངང་ཁ་གཏད་གཅོག་པ་བཅས་བྱས་ནས་མིའི་རིགས་དང་འགོ་ནད་རང་བཞིན་གྱི་ནད་གཞི་ཚབས་ཆེན་བར་གྱི་འཐབ་རྩོད་ལ་ལག་གདང་སྦྲེལ་ནས་རྒྱལ་ཁ་ལོན་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཟུང་ནས་རྒྱལ་ཁབ་གཞན་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་བརྟན་ལྷིང་ཡོང་ཆེད་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་གི་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཕེབས་རོགས་ཞུས་པ་རེད།

2.jpg

 ཟླ3པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པས་པྲོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་མ་ཟད། 《ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་དང་དུས་ངལ་མཉམ་སེལ་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་བ་རེད།

3.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།