ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ལ་འཕྲིན་ལན་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ལ་འཕྲིན་ལན་སྤྲིངས་ནས་ཐན་ཏེ་སའེ་ཡིས་གོ་ལ་ཧྲིལ་པོའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་གནང་བར་བསྔགས་བརྗོད་བྱས་པ་མ་ཟད། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམས་ནད་འགོག་བཅོས་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཟླ3པའི་ཚེས17ཉིན་ཐན་ཏེ་སའེ་ཡིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་འོག ཀྲུང་གོས་པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ལ་གཞན་གྱིས་ཡིད་ཆེས་དཀའ་བའི་འབད་འབུངས་བྱས་མྱོང་ཡོད། ཀྲུང་གོ་སྲིད་གཞུང་གི་ཆོད་སེམས་བརྟན་པོ་དང་ཀྲུང་གོ་མི་དམངས་ཀྱི་འབད་འབུངས་ལས་པྲོག་གསར་གློ་ཚད་ཀྱི་རིམས་ནད་དེ་ཀྲུང་གོ་རྒྱལ་ཁབ་ནས་མགྱོགས་མྱུར་ངང་ཁ་གཏད་གཅོག་ཐུབ་པ་བྱུང་ཡོད་ལ། དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གཙོ་གནད་ཁ་གསལ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཚེ་རིམས་ནད་འཕེལ་རྒྱས་ཀྱི་རྗེས་ཤུལ་ལ་འགྱུར་ལྡོག་གཏོང་ཐུབ་པ་གསལ་བཤད་གང་ལེགས་བྱས། ངས་ཀྲུང་གོའི་སྲིད་གཞུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་མིན་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་ལས་དོན་ལ་མ་དངུལ་གྱི་རྒྱབ་སྐྱོར་གནང་བར་ཐུག་ས་རྗེ་ཆེ་ཞུ་རྒྱུ་ཡིན། དགེ་ལས་འདི་ཡིས་གོ་ལ་ཧྲིལ་པོའི་མཐུན་སྒྲིལ་རོགས་རེས་ཀྱི་སྙིང་སྟོབས་མཚོན་ལ་རིམས་ནད་མགྱོགས་མྱུར་ངང་བཀག་འགོག་བྱེད་པར་ཡང་དོན་སྙིང་གལ་ཆེན་ལྡན་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཀྱི་སྣེ་ཁྲིད་འོག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་བྱེད་བཞིན་ཡོད། ཀྲུང་གོས་མུ་མཐུད་དུ་ཁྱེད་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཉམ་ལས་ཁྲོད་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམས་ནད་འགོག་བཅོས་བྱེད་པར་ཧུར་ཐག་སྒོས་རྒྱབ་སྐྱོར་བྱས་ཏེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཚུད་པའི་རྒྱལ་སྤྱིའི་རྩ་འཛུགས་དང་དེ་ལས་གཞན་པའི་རྒྱལ་ཁབ80ལྷག་ལ་རོགས་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་ནུས་ཅི་ལྕོགས་སྒོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

 ཞི་ཅིན་ཕིང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་སླར་ཡང་མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་ཐུན་མོང་ཚོགས་པ་ཞིག་ཡིན་པ་ར་སྤྲོད་བྱས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕན་ཚུན་ལ་རོགས་རེས་དང་ཕྱར་བ་གྲུ་འདེགས་བྱེད་དགོས། ང་ཚོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་མིན་རྒྱལ་ཁབ་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་བྱས་རྗེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།