ཀྲུང་གོ་བོད་ཀྱི་དྲ་བ།

གསལ་འདེབས། ད་ལོའི་ཡིག་རྒྱུགས་འདི་དག་དུས་འགྱངས་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས24ཉིན་བར། གཏན་འཁེལ་བྱས་ཟིན་པའི་རྒྱུགས་ལེན་དུས་ཚོད་ཕྱིར་འགྱངས་བྱས་པའི་སྐོར་གྱི་ཆ་འཕྲིན་སྣ་ཚོགས་གཤམ་གསལ་ལྟར།

01 ལས་རིགས་ལག་ཁྱེར་རིགས།

རྩིས་གཉེར་ཆེད་ལས་ལག་རྩལ་གྱི་དམའ་རིམ་ཐོབ་ཐང་རྒྱུགས་ལེན་ཕྱིར་འགྱངས་བྱས་པ།

2020ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་རྩིས་གཉེར་ཆེད་ལས་ལག་རྩལ་གྱི་དམའ་རིམ་ཐོབ་ཐང་རྒྱུགས་ལེན་དུས་ཚོད་ཕྱིར་འགྱངས་བྱས། ཞིབ་ཕྲའི་རྒྱུགས་ལེན་དུས་ཚོད་དང་ལས་ཀའི་བཀོད་སྒྲིག་རྗེས་མར་བརྡ་ཐོ་གཏོང་རྒྱུ།

སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་ཕྱིར་འགྱངས་བྱས་པ།

སློབ་གསོ་པུས་བརྡ་ཐོ་བཏང་བ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པྲོག་གསར་ནད་དུག་སྔོན་འགོག་ལས་དོན་སྐོར་གྱི་འབྲེལ་ཡོད་དགོངས་དོན་དང་། སློབ་གསོ་པུའི་འབྲེལ་ཡོད་བརྡ་ཐོའི་བླང་བྱ་གཞིར་བཟུང་རིམས་འགོག་རིང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་དང་ཡིག་རྒྱུགས་ཆེ་གྲས་མི་གཏོང་བ་དང་། ཟླ3ཟླ་དཀྱིལ་དུ་སྤེལ་རྩིས་ཡོད་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་དང་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་ལས་དོན་ཕྱིར་འགྱངས་བྱ་རྒྱུ་དང་། ཞིབ་ཕྲའི་ཡིག་རྒྱུགས་དུས་ཚོད་དང་མིང་ཐོ་འགོད་པའི་དུས་ཚོད་དེ་རིམས་འགོག་གི་འཕེལ་རིམ་ལ་གཞིགས་ནས་བརྡ་ཐོ་གཏོང་རྒྱུ་རེད།

ACCA(རྒྱལ་སྤྱིའི་ཐོ་འགོད་རྩིས་གཉེར་བའི)ཟླ3པའི་རྒྱུགས་ལེན་དུས་འགྱངས་བྱས་པ།

CMAཡི་ཡིག་རྒྱུགས་དེ་ཟླ5ཚེས10ཉིན་ལ་དུས་འགྱངས་བྱས་པ།

2020ལོའི་ཟླ4ཚེས11ཉིན་སྤེལ་རྒྱུའི་གཏན་འཁེལ་བྱས་པའིCMAཡི་རྒྱ་ཡིག་ཡིག་རྒྱུགས་དེ2020ལོའི་ཟླ5ཚེས10ཉིན་བར་དུས་འགྱངས་བྱ་རྒྱུ་ཡིན་པ་རེད།

CIA/CCSAརྒྱུགས་ལེན་དུས་ཚོད་ཟླ5ཚེས7ཉིན་ནས་ཟླ5ཚེས16ཉིན་བར་དུས་འགྱངས་བྱས་པ།

དེ་སྔར་ཟླ3པའི་ཚེས1ཉིན་ནས་ཟླ3པའི་ཚེས10ཉིན་བར་གཏན་འཁེལ་བྱས་པའི2020ལོའིCIA/CCSAཡི་རྒྱུགས་ལེན་ཐེངས་དང་པོ་དེ་ཟླ5བའི་ཚེས7ཉིན་ནས་ཟླ5བའི་ཚེས16ཉིན་བར་དུས་འགྱངས་བྱས།

ཟླ3པའི་ཐེབས་རྩའི་ལས་ཞུགས་རྒྱུགས་ལེན་དུས་འགྱངས་བྱས་པ།

སྔར་ཟླ3པའི་ཚེས14ཉིན་ལ་གཏན་འཁེལ་བྱས་པའི་དུས་བཅད་ཟོག་ཚོང་གི་ལས་ཞུགས་རྒྱུགས་ལེན་དུས་འགྱངས་བྱས་པ།

02ཉེ་ཆར་དུས་འགྱངས་བྱས་པའི་རྒྱུགས་ལེན་ཆ་འཕྲིན།

ཀྲུང་གོའི་མི་དོན་རྒྱུགས་ལེན་དྲ་བ་ནས་བརྡ་ཁྱབ་བཏང་བ།

བློ་འདྲི་བཟོ་སྐྲུན་པ(མ་འཇོག)དང་། ཐོ་འགོད་ཨར་ལས་པ། ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ལག་རྩལ་པ། རྩིས་འཁོར་ལག་རྩལ་དང་མཉེན་ཆས་ཆེད་ལས་ལག་རྩལ་གྱི་ཐོབ་ཐང(ལོ་སྟོད)བཅས་ཀྱི་ཡིག་རྒྱུགས་དུས་འགྱངས་བྱས་ཏེ། ཞིབ་ཕྲའི་ཡིག་རྒྱུགས་ཀྱི་དུས་ཚོད་དང་ལས་ཀའི་བཀོད་སྒྲིག་རྗེས་མར་བརྡ་ཐོ་གཏོང་རྒྱུ།

རིམ་པ་གཉིས་པའི་བཟོ་སྐྲུན་པའི་རྒྱུགས་ལེན་གྱི་དུས་ཚོད་ཕྱིར་འགྱངས་བྱ་རྒྱུ་གཏན་འཁེལ་བྱས་པ།

མིག་སྔའི་བར་ཧྲན་ཏུང་དང་། ཧུའུ་པེ། ཧོ་ནན། ཨན་ཧུའེ་སོགས་སྔར་གཏན་འཁེལ་བྱས་པའི་དུས་ཚོད5.30—5.31བར་རིམ་པ་གཉིས་པའི་བཟོ་སྐྲུན་པའི་ཡིག་རྒྱུགས་གཏོང་མཁན་གྱི་ཞིང་ཆེན་མང་པོས་གཅིག་རྗེས་གཉིས་མཐུད་ངང་རྒྱུགས་ལེན་དུས་འགྱངས་བྱས་པའི་བརྡ་ཐོ་བཏང་བ་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གིས་ད་དུང་འབྲེལ་ཡོད་བརྡ་ཐོ་བཏང་མེད།

3སློབ་བསྡུའི་རིགས།

རྒྱལ་ཡོངས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་ཕྱིར་འགྱངས་བྱས་པ།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་གསར་ནད་དུག་སྔོན་འགོག་ལས་དོན་སྐོར་གྱི་འབྲེལ་ཡོད་མཛུབ་སྟོན་གྱི་དགོངས་དོན་དང་སློབ་གསོ་པུའི་འབྲེལ་ཡོད་བརྡ་ཐོའི་བླང་བྱ་གཞིར་བཟུང་། ད་ཆའི་རིམས་ནད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་འཇུག་བྱས་པ་བརྒྱུད། 2020ལོའི་ཟླ4ཚེས11ཉིན་ནས་ཚེས12ཉིན་བར་འཚོག་རྒྱུའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་དུས་འགྱངས་བྱ་རྒྱུ་གཏན་འཁེལ་བྱས་པ་དང་། ཞིབ་ཕྲའི་རྒྱུགས་སྤྲོད་དུས་ཚོད་དེ་རིམས་འགོག་གི་འཕེལ་རིམ་ལ་གཞིགས་ནས་བརྡ་ཐོ་གཏོང་རྒྱུ་ཡིན་པ་རེད།

མཐོ་སློབ་དམིགས་བསལ་སློབ་བསྡུའི་རྒྱུགས་ལེན་དང་མཐོ་རིམ་ལས་རིགས་ཀྱི་རྐྱང་བསྡུ་དུས་འགྱངས་བྱས་པ།

ཟླ1ཚེས24ཉིན་སློབ་གསོ་པུས《སློབ་གསོ་པུས་སློབ་གསོའི་ཁོངས་གཏོགས་ཀྱི་པྲོག་གསར་ནད་དུག་སྔོན་འགོག་འཕྲལ་སྡོམ་སྔོན་ཇུས་ལས་དོན》འགྲེམ་སྤེལ་བྱས་ནས། ཉེ་དུས་ས་གནས་ཁག་དང་མཐོ་སློབ་ཁག་གིས་སྤེལ་རྒྱུའི་དམིགས་བསལ་སློབ་བསྡུའི་རྒྱུགས་ལེན་དང་མཐོ་རིམ་ལས་རིགས་རིགས་དབྱེའི་སློབ་བསྡུའི་རྒྱུགས་ལེན་སོགས་ངེས་པར་དུ་དུས་འགྱངས་བྱེད་དགོས་པར་བསྟན་ཡོད།

04སྐད་ཡིག་རིགས།

ཐའོ་ཧྥུ་ཡི་ཟླ3པའི་རྒྱུགས་ལེན་གྱི་བཀོད་སྒྲིག་མེད་པར་བཟོས་པ།

སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་དང་དེ་བཞིན་ཐའོ་ཧྥུའུ་གཞུང་ཕྱོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བརྡ་ཐོ་བཏང་ནས་ཀྲུང་གོའི་སྐམ་ས་ཆེན་མོའི་ཟླ3པའི་ཐའོ་ཧྥུའུ་ཡིག་རྒྱུགས་ཚང་མ་མེད་པར་བཟོས་པ་རེད།

ཡ་སིས་ཟླ3པའི་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་ཡིག་རྒྱུགས་མེད་པར་བཟོས་པ།

ཐའོ་ཧྥུ་ཡིག་རྒྱུགས་མེད་པར་མ་བཟོས་གོང་། ཡ་སིས་ཀྱང་ཟླ2པའི་ཚེས14ཉིན་ཁྱབ་བསྒྲགས་བྱས་དོན། སློབ་གསོ་པུའུ་ཡི་ཡིག་རྒྱུགས་ལྟེ་གནས་དང་ཞིབ་འཇུག་གྲོས་བསྡུར་བྱས་པ་བརྒྱུད། དེ་རིང་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང2020ལོའི་ཟླ3པར་ཡ་སིའི་ཡིག་རྒྱུགས་སྣ་ཚོགས་མེད་པར་བཟོ་རྒྱུ་དང་ཡིག་རྒྱུགས་ཀྱི་འགྲོ་གྲོན་ཚང་མ་རྒྱུགས་སྤྲོད་སློབ་མ་མི་སྒེར་གྱི་ཐོ་འགོད་རྩིས་ཁྲར་ཕྱིར་སློག་བྱ་རྒྱུ། རིམས་འགོག་གི་འཕེལ་རིམ་ལ་གཞིགས་ནས་འགུལ་རྣམ་གསར་འགོད་བྱ་རྒྱུ་དང་འབྲེལ། ཡ་སི་ཡིག་རྒྱུགས་ཀྱི་གཞུང་ཕྱོགས་ལས་སྟེགས་བརྒྱུད2020ལོའི་ཟླ3པ་ནས་བཟུང་ཡ་སི་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་པ་དང་ཡིག་རྒྱུགས་བཀོད་སྒྲིག་བྱ་རྒྱུ་རེད།

DELF-DALFཧྥ་རན་སིའི་སྐད་ཀྱི་རྒྱུགས་ལེན།

རིམས་ནད་དང་དེ་བཞིན་ཀྲུང་གོ་སྲིད་གཞུང་གིས་མི་སྣ་འགྲོ་སྐྱོད་ཀྱི་བསམ་འཆར་ལ་དམིགས་ནས། ཧྥ་རན་སེའི་མཐོ་རིམ་སློབ་གསོ་ཧྲུའུ་ཡི་ལྟེ་གནས་དྲུག(པེ་ཅིང་དང་། ཧྲང་ཧའེ། ཁྲེང་ཏུའུ། ཀོང་ཀྲོའུ། ཝུའུ་ཧན། ཧྲེན་དབྱང)གིས2020ལོའི་ཟླ1ཚེས29ཉིན་ནས་ཟླ2ཚེས17ཉིན་བར་གྱི་ངོ་རྒྱུགས་དཔྱད་དཔོག་ཚང་མ་དུས་འགྱངས་བྱ་རྒྱུ་ཡིན་པ་རེད། དེ་དང་འབྲེལ་བའི་མི་སྣས་འགྲོ་གྲོན་གཞན་སྤྲོད་མི་དགོས། ཟླ2པ་དང་ཟླ3པའི་ཧྥ་རན་སིའི་སྐད་ཀྱི་རྒྱུགས་ལེན་དུས་འགྱངས་བྱས་པ་རེད།

2020ལོའི་ཟླ3པའི་ཚེས21དང22ཉིན་གྱི་རྒྱལ་ཡོངས་དབྱིན་ཡིག་རིམ་པའི་རྒྱུགས་ལེན(PETS)།

དབྱིན་ཡིག་ཆེད་ལས་རིམ་པ་བརྒྱད་པའི་ཡིག་རྒྱུགས།

2020ལོའི་ཟླ4པའི་ཚེས18ཉིན་འཚོག་རྒྱུར་གཏན་འཁེལ་བྱས་པའི་དབྱིན་ཡིག་ཆེད་ལས་ཀྱི་རིམ་པ་བཞི་པའི་ཡིག་རྒྱུགས་ཀྱི་དུས་ཚོད་ལེགས་སྒྲིག་འོས་འཚམ་བྱ་རྒྱུ་དང་ཞིབ་ཕྲའི་ཡིག་རྒྱུགས་དུས་ཚོད་རྗེས་མར་བརྡ་ཐོ་གཏོང་རྒྱུ་ཡིན་པ་རེད།

05རྩིས་འཁོར་རིགས།

རྒྱལ་ཡོངས་རྩིས་འཁོར་བེད་སྤྱོད་ཆུ་ཚད་རྒྱུགས་ལེན(NIT)

རྒྱལ་ཡོངས་རྩིས་འཁོར་རིམ་པའི་རྒྱུགས་ལེན། (NCRE)

མཐར་རྒྱུགས་སྤྲོད་སློབ་མ་ཚོས་བྲེལ་འཚུབ་མི་བྱེད་པར། སེམས་ལྷོད་པོས་རྒྱུགས་ལེན་གྱི་བརྡ་སྦྱོར་ལ་སྒུག་ནས། གཟབ་ནན་གྱིས་ཁ་གཏད་འཇལ་ཏེ། ཡིག་རྒྱུགས་ལ་གྲུབ་འབྲས་ཡག་པོ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།