ཀྲུང་གོ་བོད་ཀྱི་དྲ་བ།

2020ལོར་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པའི་རྒྱལ་ཁབ་ཀྱི་སྐར་གྲངས་ཚད་གཞི་ཟླ4བའི་ཟླ་དཀྱིལ་དུ་ཁྱབ་བསྒྲགས་བྱ་རྒྱུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

图片来源网络

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ད་ལོའི་ཞིབ་འཇུག་སློབ་མ་བསྡུ་བའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་གཏན་འབེབས་དོན་འཁྱོལ་ནན་ཏན་བྱེད་བཞིན་ཡོད་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་ལ་འཆར་གཞིའི་སྤྱི་གྲངས་གཤམ་སྤྲོད་བྱས་པ་མ་ཟད། སློབ་བསྡུའི་ཚན་པ་ཁག་གིས་གསོ་སྐྱོང་གི་ཆ་རྐྱེན་དང་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཆེད་ལས་སློབ་བསྡུའི་འཆར་འགོད་དུས་ཚོད་དམ་འཛིན་གྱིས་བཀོད་སྒྲིག་དང་གཏན་འཁེལ་བྱས་པ་རེད།

སློབ་གསོ་པུས2020ལོའི་རྒྱལ་ཁབ་ཀྱི་སྐར་གྲངས་ཚད་གཞི་གང་མགྱོགས་ངང་གཏན་འཁེལ་བྱ་རྒྱུ་དང་སྔོན་དཔག་བྱས་ན་ཟླ4བའི་ཟླ་དཀྱིལ་དུ་ཡོངས་བསྒྲགས་བྱ་རྒྱུ་དང་འབྲེལ་ཡོད་བསྐྱར་རྒྱུགས་ལས་དོན་བཀོད་སྒྲིག་རིམས་འགོག་དང་མཐོ་སློབ་སློབ་འགོ་ཚུགས་པའི་གནས་ཚུལ་ལ་གཞིགས་ནས་བརྡ་ཐོ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།