ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རིམས་འགོག་ཆ་རྐྱེན་འོག་ཏུ་ཧུར་ཐག་དང་གོ་རིམ་ལྡན་པའི་སྒོ་ནས་དཔྱིད་ཀའི་ནགས་སྐྲུན་ལྗང་བསྒྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རིམས་འགོག་ཆ་རྐྱེན་འོག་ཏུ་ཧུར་ཐག་དང་གོ་རིམ་ལྡན་པའི་སྒོ་ནས་དཔྱིད་ཀའི་ནགས་སྐྲུན་ལྗང་བསྒྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་འགོག་ཆ་རྐྱེན་འོག་ཏུ་ད་ལོའི་དཔྱིད་ཀའི་ནགས་སྐྲུན་ལྗང་བསྒྱུར་བྱ་བ་བཟང་བོར་སྒྲུབ་པའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཧུར་ཐག་དང་གོ་རིམ་ལྡན་པའི་སྒོ་ནས་དཔྱིད་ཀའི་ནགས་སྐྲུན་ལྗང་བསྒྱུར་བྱ་བ་བཟང་བོར་བསྒྲུབ་ནས། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་རེ་བ་ལྔ་བཏོན་ཡོད། གཅིག རིམས་ནད་ཚན་རིག་དང་མཐུན་པར་འགོག་སྲུང་བྱེད་པ་དང་རིགས་དགར་ནས་མཛུབ་སྟོན་བྱེད་པའི་རེ་བ་ལྟར། ཡུལ་བབ་དང་བསྟུན་ནས་ཁུལ་དགར་ཇུས་བསྟར་བྱེད་པ་དང་། ཧུར་ཐག་དང་གོ་རིམ་ལྡན་པའི་སྒོ་ནས་དཔྱིད་ཀའི་ནགས་སྐྲུན་ལྗང་བསྒྱུར་བྱ་བ་བཟང་བོར་བསྒྲུབ་དགོས། གཉིས། ནགས་སྐྲུན་དུས་ཚིགས་ལ་གཅིག་གྱུར་སྒོས་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། དཔྱིད་ཀ་དང་དབྱང་ཁ། སྟོན་དགུན་དུས་ཚིགས་ཀྱི་ནགས་སྐྲུན་ལས་འགན་དངོས་འབེབས་གང་ལེགས་བྱེད་དགོས། གསུམ། སྟབས་བསྟུན་སྒོས་འོས་འགན་སྡོང་འཛུགས་དང་ལས་ཁུངས་ཀྱི་ལྗང་སྒྱུར་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་བདེ་འཇགས་ལ་སྣེ་ཁྲིད་དང་གོ་རིམ་ལྡན་པར་སྡོང་འཛུགས་འོས་འགན་ལག་བསྟར་བྱེད་དགོས་ལ། རྒྱལ་ཁོངས་ལྗང་བསྒྱུར་གྱི་ལས་བགོས་འགན་འཁྲི་ལམ་ལུགས་དངོས་འབེབས་བཟང་བོ་བྱེད་པ་དང་། རྒྱུན་མཐུད་སྒོས་ནགས་ཚལ་གྲོང་ཁྱེར་དང་ནགས་རའི་གྲོང་ཁྱེར། ནགས་ཚལ་ཞང་སྡེ་འཛུགས་སྐྲུན་བྱེད་དགོས། བཞི། ནགས་སྐྲུན་ལྗང་བསྒྱུར་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། ལྔ། ནགས་སྐྲུན་ལྗང་བསྒྱུར་གྱི་གྲུབ་འབྲས་སྲུང་སྐྱོབ་བྱེད་པ་དང་། གསར་དུ་བཙུགས་པའི་སྡོང་བོའི་དོ་དམ་སྲུང་སྐྱོབ་བྱ་བར་ཤུགས་བསྣན་ནས་སྡོང་བོའི་གསོན་ཚད་དང་ནགས་ཚལ་དུ་གྱུར་ཚད་མཐོར་འདེགས་སུ་གཏོང་དགོས་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།