ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྲིད་པུའུ་ཡིས་དྭངས་གསལ་དུས་ཆེན་སྐབས་ས་གནས་ཁག་གིས་ཚོགས་སྤྱི་རང་བཞིན་གྱི་དུར་འཕྱག་བྱེད་སྒོ་གནས་སྐབས་སུ་ནར་འགྱངས་བྱེད་དགོས་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཚེས23ཉིན་དམངས་སྲིད་པུའུ་ཡིས2020ལོའི་དྭངས་གསལ་དུས་ཆེན་གྱི་དུར་འཕྱག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ས་གནས་ཁག་གིས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་སྟེ། ཐུན་མོང་གི་མཉམ་མཆོད་དང་། རུས་ཐལ་གཏོར་བ། སྤྱི་ཕན་རང་བཞིན་གྱི་དུར་འཇུག་མཛད་སྒོ་སོགས་ཚོགས་སྤྱི་རང་བཞིན་གྱི་བྱེད་སྒོ་སྤེལ་བར་གནས་སྐབས་སུ་ནར་འགྱངས་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་མི་འཛོམས་པའི་ས་ཁུལ་དུ་གནས་སྐབས་སུ་རུས་ཐལ་ཉར་ཚགས་དང་དུར་འཕྱག་ཞབས་ཞུ་ནར་འགྱངས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ད་ལོའི་དྭངས་གསལ་དུས་ཆེན་ནི་རྒྱལ་ཡོངས་གོང་འོག་ཚང་མས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། གང་མགྱོགས་སྒོས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་གནད་འགག་གི་དུས་ཤིག་ལ་ཁེལ་ཡོད་པས་སྔོན་ཆད་དང་ཅུང་མི་འདྲ་བ་རེད། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱེད་པ། གནད་ཁེལ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་མང་ཚོགས་ལ་རྣམ་པ་སྣ་ཚོགས་ཀྱི་དུར་འཕྱག་ཞབས་ཞུ་བསྒྲུབ་རྒྱུ་དང་། ཐབས་བརྒྱ་ཇུས་སྟོང་སྒོས་ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མང་ཚོགས་ཀྱི་དུར་འཕྱག་དགོས་མཁོ་སྐོང་ཅི་ཐུབ་བྱ་དགོས།

ཚོགས་འདུའི་ཐོག་ས་གནས་སོ་སོས་ཡུལ་དངོས་ནས་དུར་འཕྱག་བྱེད་པའི་བྱ་བར་དོ་དམ་ཡག་པོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་དུར་འཕྱག་བྱ་ཡུལ་གྱི་ཐེག་ནུས་གཏན་འཁེལ་བྱེད་པ། དངོས་ཟོག་གྲབས་གསོག་དང་སྟོབས་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་ཡག་པོ་བྱེད་པ། དུར་འཕྱག་མི་སྣའི་བཞུར་ཚད་དོ་དམ་དང་ལྟ་ཞིབ་ཚད་ལེན། ཉེན་ཟོན་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། དུར་འཕྱག་བྱེད་མཁན་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་སྣ་འདུ་འཛོམས་དང་སྣོལ་རེད་བྱེད་པར་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

 དེ་དང་ཆབས་ཅིག་ས་གནས་ཁག་གིས་སྔར་ལས་ལྷག་པར་དུར་འཇུག་ཞབས་ཞུ་ཚད་ལྡན་དང་ཇེ་ལེགས་སུ་བཏང་ནས་དུར་འཇུག་ཞབས་ཞུའི་སྡེ་ཁག་གིས་ཏན་ཏིག་སྒོས་གཞི་རྩའི་དུར་འཇུག་ཞབས་ཞུར་ཁག་ཐེག་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། དུར་འཇུག་ཞབས་ཞུ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དུར་འཇུག་གཉེར་སྐྱོང་བྱེད་སྒོའི་ཁྲོད་གནས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་ཁྲོམ་རའི་སྒྲིག་ལམ་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།