ལེ་ཧྲན་གྱི་བྱམས་པ་ཆུ་གཟིགས་མཛེས་ལྗོངས་ཁུལ་ཡང་བསྐྱར་སྒོ་ཕྱེས་པ།

1125755771_15849530342071n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས23ཉིན་སི་ཁྲོན་ཞིང་ཆེན་གྱི་ལེ་ཧྲན་བྱམས་པ་ཆུ་གཟིགས་མཛེས་ལྗོངས་ཁུལ་གྱི་སྒོ་ཡང་བསྐྱར་ཕྱེས། ལེ་ཧྲན་བྱམས་པ་ཆུ་གཟིགས་མཛེས་ལྗོངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ལེ་ཧྲན་བྱམས་པ་ཆུ་གཟིགས་ལྗོངས་ཁུལ་གྱི་ཡུལ་སྐོར་བྱེད་ས་ཚང་མ་སྒོ་ཕྱེས་ཡོད་མོད། གནས་སྐབས་སུ་ཉིན་མོར་གཙང་པོར་ཡུལ་སྐོར་བྱེད་པའི་རྣམ་གྲངས་དང“མཚན་མོར་གཙང་བོ་གསུམ་ལ་ཡུལ་སྐོར་བྱེད་པའི”ཡུལ་སྐོར་རྣམ་གྲངས་ད་དུང་སྒོ་ཕྱེ་མེད་པ་རེད། མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་ཆ་ཚང་ཕྱི་ཕྱོགས་ལ་སྒོ་ཕྱེ་རྗེས་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་ཚང་མ་དྲ་ཐོག་ནས་མིང་ངོ་མ་བཀོད་དེ་སྤ་སེ་མངགས་ཉོ་བྱ་དགོས་པ་རེད།

1125755771_15849530342401n.jpg

 ཟླ3པའི་ཚེས23ཉིན་ཡུལ་སྐོར་བས་ལེ་ཧྲན་བྱམས་པ་ཆུ་གཟིགས་ལྗོངས་ཁུལ་ལྟ་སྐོར་བྱེད་བཞིན་པ།

1125755771_15849530342631n.jpg

 ཟླ3པའི་ཚེས23ཉིན་ཡུལ་སྐོར་བ་ཞིག་གིས་ལེ་ཧྲན་གྱི་བྱམས་པ་ཆུ་གཟིགས་མཛེས་ལྗོངས་ཁུལ་དུ་ཁ་པར་གྱིས་པར་ལེན་བཞིན་པའི་ཚུལ་རེད།

1125755771_15849530342951n.jpg

 ཟླ3པའི་ཚེས23ཉིན་ཡུལ་སྐོར་བས་ལེ་ཧྲན་གྱི་བྱམས་པ་ཆུ་གཟིགས་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།