ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སི་ཕེན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཐད་ནས་སི་ཕེན་གྱི་རྒྱལ་པོ་ཧྥེ་ལེ་ཕེ་སྐུ་ཕྲེང་དྲུག་པར་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་སི་ཕེན་གྱི་རྒྱལ་བོ་ཧྥེ་ལེ་ཕེ་སྐུ་ཕྲེང་དྲུག་པར་གློག་འཕྲིན་བཏང་སྟེ། ཉེ་སྔོན་སི་ཕེན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཐད་ནས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། སི་ཕེན་གྱི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོས་སི་ཕེན་གྱི་རིམས་ནད་འགོག་རྒོལ་བྱེད་པའི་འབད་བརྩོན་དང་ཐབས་ཤེས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན་ལ། འགོག་སྡོམ་གྱི་ཉམས་མྱོང་དང་བརྟག་བཅོས་ཀྱི་ཇུས་གཞི་མཉམ་སྤྱད་བྱེད་འདོད་པར་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་དང་རྒྱབ་སྐྱོར་བྱེད་འདོད་ཡོད། མིའི་རིགས་ནི་ལས་སྐལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་ཡིན་པས། མཐུན་སྒྲིལ་རོགས་ལས་བྱས་ན་ད་གཟོད་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ཀྱི་འགྲན་རྩོད་འདི་ལས་རྒྱལ་ཐུབ་ངེས། ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ན། རིམས་ནད་འགོག་རྒོལ་གྱི་མཇུག་མཐའི་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་ཡོད། ངས་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ལག་གདང་མཉམ་སྦྲེལ་གྱིས་རིམས་ནད་འགོག་རྒོལ་བྱས་པ་བརྒྱུད་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཡིད་ཆེས་སྔར་ལས་སྲ་བརྟན་དང་། གཉིས་ཕན་མཉམ་ལས་སྔར་ལས་ཇེ་དམ་དུ་སོང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།