ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སེར་ཝེ་ཡ་རུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཐད་ནས་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་གློག་འཕྲིན་བཏང་སྟེ། ཉེ་སྔོན་སེར་ཝེ་ཡ་རུ་ཏོག་གསར་གློ་ཚད་ཀྱི་རིམས་ནས་བྱུང་བའི་ཐད་ནས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། སེར་ཝེ་ཡའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ནན་གྱིས་བསྟན་དོན། ཀྲུང་གོ་དང་སེར་ཝེ་ཡ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་ལ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྤུན་ཟླ་ལྟ་བུའི་མཛའ་བརྩེ་ལ་ལོ་རྒྱུས་རིང་བོ་ཡོད། ཀྲུང་གོའི་མི་དམངས་ཀྱིས་སྟོབས་ཤུགས་ཡོད་རྒུས་རིམས་ནད་ལ་འགོག་རྒོལ་བྱེད་སྐབས། སེར་ཝེ་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་བྱ་སྤྱོད་དངོས་ལས་ཀྲུང་གོར་རྒྱབ་སྐྱོར་ཆེན་པོ་བྱས་པར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ཀྲུང་གོས་སེར་ཝེ་ཡའི་རིམས་ནད་འགོག་རྒོལ་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་པ་དདང་། སེར་ཝེ་ཡར་རིམས་འགོག་དངོས་ཟོགག་དང་སྨན་བཅོས་ཡོ་བྱད་ཀྱི་རོགས་སྐྱོར་བྱེད་རྒྱུ་མ་ཟད། སེར་ཝེ་ཡས་ཀྲུང་གོ་ནས་ཉེར་མཁོའི་དངོས་ཟོག་ཉེ་བར་རོགས་རམ་བྱེད་རྒྱུ་ཡིན། ཀྲུང་གོས་སའེ་ཝེ་ཡར་སྨན་བཅོས་ཆེད་མཁས་ཚན་ཆུང་མངགས་ཏེ། འགོག་སྡོམ་གྱི་ཕན་འབྲས་མཐོར་འདེགས་གཏོང་བར་གཞོགས་འདེགས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་གི་བདེ་ཐང་བདེ་སྐྱིད་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། ངས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ལག་རྡང་མཉམ་སྦྲེལ་གྱིས་རིམས་ནད་འགོག་རྒོལ་བརྒྱུད་རིམ་ཁྲོད་དུ། རྒྱལ་ཁབ་གཉིས་ཀྱི་དཀའ་ངལ་མཉམ་སེལ་བྱེད་པའི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་མི་རྣམས་ཀྱི་སེམས་གཏིང་དུ་སིམ་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཇེ་མཐོར་འགྲོ་ཐུབ་པར་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།