ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རིམས་ནད་འགོག་སྡོམ་དང་འཚོ་བའི་དངོས་རྫས་མཁོ་སྤྲོད་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ཟློག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་རིམས་ནད་འགོག་སྡོམ་དང་འཚོ་བའི་དངོས་རྫས་མཁོ་སྤྲོད་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་གཙོ་བོ་དམ་འཛིན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། དགོས་གལ་བསམ་བློ་ཇེ་དྲག་ཏུ་གཏོང་དགོས་ལ། ཧུར་ཐག་དང་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོའི་ནུས་པ་ཇེ་ཆེར་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་སླར་གསོ་དང་དཔལ་འབྱོར་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

1125744559_15847128424651n.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས།

འབྲེལ་ཡོད་འགན་འཁུར་བས་རིམས་ནད་བྱུང་བའི་ཚུན་ལ་ཁ་ཐུམ་སོགས་སྨན་བཅོས་དངོས་རྫས་དང་འབྲུ་སྣུམ་དང་སྔོ་ཚོད། རྡོ་སོལ་དང་གློག སོལ་རླངས་སོགས་ལ་འགན་སྲུང་བྱས་པའི་གནས་ཚུལ་ཡར་ཞུ་བྱས། ལིས་ཁི་ཆང་གིས་བསྟན་དོན། འབྲེལ་ཡོད་ཕྱོགས་ཀྱིས་མཉམ་ཤུགས་རོགས་ལས་སྒོས་མཁོ་འདོན་འགན་སྲུང་བྱས་ཏེ། སྨན་བཅོས་མི་སྣས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ལ་མྱུར་མཁོའི་དངོས་རྫས་འདོན་སྤྲོད་བྱས་ཤིང་། རིམས་ནད་ཀྱི་གནོད་པ་ཚབས་ཆེན་ཐེབས་ནའང་རྒྱལ་ཡོངས་ཀྱི་ཚོང་རའི་བརྟན་འཇགས་སྲུང་འཛིན་བྱས་པ་དང་། ལྷག་པར་དུ་ཧུའུ་པེ་དང་ཝུའུ་ཧན་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་གནས་བབ་ཀྱི་དུས་སྐབས་རང་བཞིན་གྱི་འགྱུར་ལྡོག་དང་མཐུན་པར་བྱས་ཏེ། ཚོང་རའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མུ་མཐུད་དུ་ཁྱོན་ཡོངས་ཀྱི་མཁོ་འདོན་བྱ་བ་བཟང་བོར་བསྒྲུབ་ནས། རིམས་ནད་འགོག་སྲུང་དང་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ཡོངས་སུ་སྐོང་དགོས་པ་དང་དཔལ་འབྱོར་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མུ་མཐུད་དུ་རིམས་ནད་འགོག་སྲུང་དམ་འཛིན་བྱེད་པ་དང་རིམས་ནད་ཡང་བསྐྱར་འབྱུང་བ་གཏན་འགོག་བྱེད་དགོས་པར་མ་ཟད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་བརྟན་འཇགས་བྱ་བ་བཟང་བོར་བསྒྲུབ་དགོས། རིམས་ནད་ཀྱི་འགྱུར་ལྡོག་ལ་དམིགས་ཏེ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་གནས་སྐབས་ཀྱི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བ་དང་། ལུགས་མཐུན་མིན་པའི་འགལ་རྐྱེན་གཙང་སེལ་བྱེད་པར་མ་ཟད་དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་ཞབས་ཞུ་གང་མང་བསྒྲུབ་པ་དང་དཀའ་ཁག་སེལ་རོགས་བྱེད་དགོས། ཚོང་རའི་གཙོ་གཞིའི་གསོན་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། ལས་ཀ་སླར་གསོ་བྱས་ཚད་དང་ཐོན་སྐྱེད་འཕར་ཚད་མཐོར་འདེགས་སུ་གཏོང་བ་དང་ཚོང་གཉེར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།