ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་དམངས་དཀྱུས་མས་མི་ཚོགས་མེད་ས་དང་མཁའ་རླུང་འཁོར་སྐྱོད་ཡག་པོ་ཡོད་ན་ཁ་ཐུམ་མ་གྱོན་ན་ཆོག་ཅེས་བསྒྲགས་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་ཚིགས་སྟེང་ཟླ3པའི་ཚེས18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་གྱོན་ན། གློ་ཚད་དང་ཆམ་རིམས་སོགས་དབུགས་ལམ་གྱི་འགོས་ནད་ལ་སྔོན་འགོག་གི་ནུས་པ་ཐོན་ཐུབ་ལ། དེ་ནི་རང་ཉིད་ལ་སྲུང་སྐྱོང་བྱས་པ་ཡིན་ཞིང་སྤྱི་དམངས་ཀྱི་བདེ་ཐང་ལའང་ཕན། 2019ལོའི་ཟླ12པར་རིམས་ནད་ཐོན་པ་ནས་བཟུང་། ཁ་ཐུམ་ཀྱིས་རིམས་འགོག་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། ཟླ2པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིམས་ནད་འགོག་བཅོས་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ལ་དམིགས་ནས་མི་ཚོགས་མི་འདྲ་བས་རིམས་འགོག་ལ་ཁ་ཐུམ་འདེམས་པ་དང་དང་བེད་སྤྱོད་ཀྱི་ཁྲིད་སྟོན་པར་འགྲེམས་བྱས་པ་རེད། ཁ་ཐུམ་ཀྱི་ཐོན་ཁུངས་དཀོན་པའི་གནས་ཚུལ་འོག ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་བདམས་པ་དང་བེད་སྤྱད་དེ། འགོག་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག ཚད་བརྒལ་འགོག་སྲུང་ཇེ་ཉུང་དུ་གཏོང་དགོས།
མིག་སྔའི་སྔོན་འགོག་དུས་བབ་དང་ལས་འགོ་བསྐྱར་ཚུགས་ཀྱི་དགོས་མཁོར་གཞིགས་ཏེ། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་དགོངས་དོན་གཞིར་བཟུང་། སྔོན་འགོག་ཚོད་འཛིན་ཚོགས་ཆུང་གིས་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ་མི་ཚོགས་མི་འདྲ་བས་རིམས་འགོག་གི་ཁ་ཐུམ་འདེམས་པ་དང་བེད་སྤྱོད་མཛུབ་ཁྲིད་ལ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས《སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་གྱོན་པའི་མཛུབ་ཁྲིད》ཆགས་ཡོད། མཛུབ་ཁྲིད་དེས་སྤྱི་དམངས་དཀྱུས་མ་དང་། དམིགས་བསལ་གནས་ཡུལ་གྱི་མི་སྣ། ལས་རིགས་མི་སྣ། དེ་བཞིན་གཙོ་གནད་མི་སྣ་བཅས་ཀྱི་ཐོག་ནས་རིགས་དབྱེ་བྱེད་པ་དང་འབྲེལ་ཁོར་ཡུག་མི་འདྲ་བའི་འོག་ཁ་ཐུམ་རྒྱག་པར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་ཡོད། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
སྤྱི་དམངས་དཀྱུས་མས་མི་ཚོགས་མེད་པ་དང་མཁའ་རླུང་འཁོར་སྐྱོད་ཡག་པོ་ཡོད་ན་ཁ་ཐུམ་མ་གྱོན་ན་ཆོག