ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་པའི་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་རྒྱུ་ནི་འགན་འཁྲི་ཡིན་ལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཡང་ཕན་པ་ཡོད་ཅེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཕྱོགས་ལ་སྨན་བཅོས་དངོས་ཟོག་གི་རོགས་སྐྱོར་བྱས་པའི་གནས་ཚུལ་ངོ་སྤྲོད་བྱེད་སྐབས་བཤད་རྒྱུར། འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱ་རྒྱུ་ནི་ཀྲུང་གོས་རྒྱལ་སྤྱི་སྤྱི་ཚོགས་ལ་འགན་འཁུར་བ་ཡིན་ལ་ཐོག་མའི་དུས་ཀྱི་རིམས་ནད་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཡང་ཕན་པ་ཡོད་སྟབས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མུ་མཐུད་དུ་རིམས་ནད་འགོག་བཅོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

 ཀེང་ཧྲོང་གིས་བཤད་རྒྱུར། མིག་སྔར་པྲོག་གསར་གློ་ཚད་ཀྱི་རིམས་ནད་དེ་གློ་བུར་དུ་ཕྱིའི་རྒྱལ་ཁབ་མང་པོར་བྱུང་ཞིང་མགྱོགས་མྱུར་ངང་མཆེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རང་རྒྱལ་ཀྱི་རིམས་ནད་འགོག་པའི་དམག་འཐབ་ལ་རྒྱལ་ཁ་ལེན་ཅི་ཐུབ་བྱེད་པ་དང་དུས་མཚུངས་སུ་རིམས་ནད་འགོག་པའི་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་ནས་འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ལ་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་བྱ་རྒྱུ་ཡིན། དེ་ནི་ཀྲུང་གོས་རྒྱལ་སྤྱི་སྤྱི་ཚོགས་ལ་འགན་འཁུར་བ་ཡིན་ལ་ཐོག་མའི་དུས་ཀྱི་རིམས་ནད་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཡང་ཕན་པ་ཡོད།

 ཁོང་གིས་མིག་སྔར་རྒྱུས་ལོན་བྱས་པའི་གནས་ཚུལ་ལ་གཞིགས་ན། ཀྲུང་གོ་སྲིད་གཞུང་གིས་ཕ་ཁི་སི་ཐན་དང་། ལོ་ཝུའོ། ཐེ་གོ། དབྱི་རན། ཧན་གོ འཇར་པན་སོགས་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་བཅས་ལ་སྨན་བཅོས་འགོག་སྲུང་གི་དངོས་རྫས་སྤྲད་ཅིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཨ་སྒོར་ཁྲི2000ཞལ་འདེབས་ཕུལ་བ་རེད། དབྱི་ཐ་ལི་དང་ཧྥ་རན་སེ། སི་ཕེན། ཀེ་རི་སེ། སར་པི་ཡ། ཡོ་རོབ་མནའ་འབྲེལ། ཁམ་ཕུ་ཁྲེ། ཧྥི་ལི་ཕིན། ཨེ་ཅིབ། ལྷོ་ཨ་ཧྥེ་རི་ཁ། དབྱི་རག ཨེ་ཙེ་ཨོ་ཕི་ཡ། ཧ་སག་སི་ཐན། པའེ་ཨུ་རུ་སུ། ཁུ་པ། ཀྲི་ལི་སོགས་རྒྱལ་ཁབ་བཅུ་ཕྲག་ཁ་ཤས་ལ་རང་ནུས་ཅི་ལྕོགས་ཀྱིས་རིམས་ནད་འགོག་སྲུང་གི་དངོས་ཟོག་རོགས་སྐྱོར་བྱས་པ་མ་ཟད། འབྲེལ་ཡོད་མཛའ་གྲོགས་རྒྱལ་ཁབ་ཁག་གིས་ཀྲུང་གོའི་ཁྲོམ་ར་ནས་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། དེ་མིན་ཀྲུང་དབྱང་སྲིད་གཞུང་མ་ཡིན་པའི་ཀྲུང་གོའི་ས་གནས་སྲིད་གཞུང་དང་། ཁེ་ལས། དམངས་ཁྲོད་ལས་ཁུངས་བཅས་ཀྱིས་ཀྱང་ཧུར་ཐག་སྒོས་འབྲེལ་ཡོད་རྒྱལ་ཁབ་ལ་ཞལ་འདེབས་ཕུལ་བ་རེད།

 ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ད་དུང་དབྱི་རན་དང་། དབྱི་རག དབྱི་ཐ་ལི་སོགས་རྒྱལ་ཁབ་ལ་ཆེད་ལས་སྨན་བཅོས་མི་སྣའི་ཚོགས་ཆུང་མངགས་པ་དང་འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་དུ་བརྙན་ལམ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཀྲུང་གོ་ཕྱོགས་ཀྱི་ནད་བརྟག་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཡོད།

“བཟང་ལ་དྲིན་ལན་འཇལ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། ང་ཚོས་ཀྲུང་གོར་རིམས་ནད་ཚབས་ཆེན་བྱུང་སྐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་ཀྱི་རྒྱབ་སྐྱོར་བྱས་ཤིང་། རྒྱལ་ཁབ79དང་རྒྱལ་སྤྱིའི་རྩ་འཛུགས10ཡིས་ཀྲུང་གོའི་མི་དམངས་ལ་རིམས་ནད་འགག་རྒོལ་ཀྱི་དངོས་ཟོག་ཞལ་འདེབས་ཕུལ་བ་དེ་ང་ཚོས་ནམ་ཡང་བརྗེད་མི་སྲིད། ཅེས་ཀེང་ཧྲོང་གིས་བཤད།

 ཁོང་གིས་མིག་སྔར་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་དུས་བབ་ཛ་དྲག་གི་སྐབས་སུ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་པོ་དང་མཉམ་དུ་ནད་ཡམས་འགོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་རིམས་ནད་འདི་གོ་ལ་ཧྲིལ་པོར་ཁྱབ་པའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།