ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200318095820vckp.jpg

ཟླ3པའི་ཚེས17ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ལ་མཇལ་འཕྲད་གནང་།

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། སྐུ་ཞབས་ཙུང་ཐུང་ལགས་ཀྱིས་དམིགས་བསལ་གྱི་དུས་འདིར་ཀྲུང་གོར་འཚམས་འདྲི་བྱས་པ་དེས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་པ་མཚོན་ཡོད་ཟེར། ལི་ཀྲན་ཧྲུའུ་ཡིས་ཀྲུང་གོས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱས་པའི་སྤྱིའི་གནས་ཚུལ་འཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཀྲུང་གོས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དེས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རང་བཞིན་ཡང་བསྐྱར་མངོན་པར་བྱས་ཡོད། ང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་མཛུབ་སྟོན་དང་སྐུ་དངོས་སུ་འགོ་ཁྲིད་བྱས་པའི་མཛུབ་སྟོན་འོག་ཏུ། ཐེངས་འདིའི་རིམས་ནད་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་པར་མ་ཟད། ཀྲུང་གོའི་ལམ་ལུགས་དང་ཀྲུང་གོའི་བགྲོད་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སྲུང་འཛིན་བྱེད་ཐུབ་པར་ཡང་ཡིད་ཆེས་ཀྱིས་ཁེངས་ཡོད། མིའི་རིགས་ནི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ཐད་ནས་རྒྱལ་སྤྱིའི་བར་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། ཕ་ཁི་སི་ཐན་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་པ་དང་། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཨ་ཨར་ཝེ་ཡིས་བསྟན་དོན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་འགོ་ཁྲིད་འོག་ཏུ། རིམས་ནད་འགོག་རྒོལ་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དང་འཛམ་གླིང་གི་རིམས་འགོག་མཉམ་ལས་ཐད་ལ་འབུར་དུ་ཐོན་པའི་བྱས་རྗེས་བཞག་པར་བསྟོད་བསྔགས་ཚད་མཐོན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་སྒེར་སེམས་མེད་པར་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པར་མ་ཟད། ཐོག་མཐའ་བར་གསུམ་ཀུན་ཏུ་ཀྲུང་གོ་ཕྱོགས་དང་མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།