ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ་སྟོབས་ལྡན་སྒུལ་ནུས་གསར་བ་གསོ་སྐྱོང་བྱེད་པ་དང་། ལས་ཞུགས་བརྟན་འཇགས་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་ཤིང་། དངུལ་གཏོང་ལས་གཞི་གཙོ་བོའི་ལས་ཀ་མྱུར་དུ་སླར་གསོ་བྱས་ཏེ་ནུས་ལྡན་སྒོས་ཞན་ཆ་ཁ་གསབ་དང་དམངས་ཚིས་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཞིང་ལས་ལོ་ཏོག་གི་འབུ་སྐྱོན་འགོག་བཅོས་འཆར་ཟིན་སྲོལ་ཡིག་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།