ཀྲུང་གོ་བོད་ཀྱི་དྲ་བ།

དངུལ་རྩའི་ཁྱབ་ཁོངས་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། དངུལ་རྩའི་སྲིད་ཇུས་བཟོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས། ཐོན་སྐྱེད་སླར་གསོ་བཅས་ལ་རྒྱབ་སྐྱོར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཀྲུང་གོ་མི་དམངས་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཀྲུང་གོ་ཞིང་ལས་དངུལ་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཆེད་དོན་དངུལ་བུན་གཏོང་སྤྲོད་དང་དབུལ་སྐྱོར་དངུལ་བུན་གཏོང་སྤྲོད་སོགས་ཀྱི་གནད་དོན་སྐོར་ལ་སྨྱན་སྦྱོར་གྱིས་བཏོན་པའི་དྲི་བར་ལན་བརྒྱབ་པ་རེད།

མི་དམངས་དངུལ་ཁང་གིས་ད་ལོའི་ཟླ1པའི་ཚེས31ཉིན་རིམས་འགོག་ཆེད་སྤྱོད་བསྐྱར་གཏོང་དངུལ་བུན་སྒོར་དུང་ཕྱུར་3000བཏང་ཡོད། མི་དམངས་དངུལ་ཁང་དངུལ་ལོར་སྲིད་ཇུས་སིའི་སི་ཀྲང་སུན་གོ་ཧྥུང་གིས་ཟླ་3ཚེས་13ཉིན་བར། མི་དམངས་དངུལ་ཁང་གིས་ཆེད་སྤྱོད་བསྐྱར་གཏོང་དངུལ་བུན་སྒོར་དུང་ཕྱུར་1840བཏང་བ་དང་། རྒྱལ་ཡོངས་རང་བཞིན་གྱི་དངུལ་ཁང་9དང་ཞིང་ཆེན་དང་གྲོང་ཁྱེར་གྱི་ས་གནས་ཁྲིམས་མིའི་དངུལ་ཁང་10ཡིས་རིམ་རྩིས་བྱས་ན་གཟིགས་སྐྱོང་དངུལ་བུན་སྒོར་དུང་ཕྱུར་1821བཏང་བ། ཆ་སྙོམས་བྱས་ན་ཁེ་ལས་རེར་གཟིགས་སྐྱོང་དངུལ་བུན་སྒོར་ཁྲི་4000ཐོབ་ཡོད། མིག་སྔར་སྨན་སྤྱོད་སྨན་རྫས་ཁ་ཐང་བའི་རྣམ་པ་མངོན་གསལ་དོད་པོས་ཞི་ལྷོད་དུ་ཕྱིན་པ་དང་། འཚོ་བའི་དངོས་རྫས་མཁོ་སྤྲོད་འདང་ངེས་བྱུང་བ། ཆེད་སྤྱོད་བསྐྱར་གཏོང་དངུལ་བུན་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བཤད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཟླ3པའི་ཚེས14ཉིན་བར་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་རིམས་འགོག་ཁེ་ལས་ཁྱོན་1649ལ་རོགས་སྐྱོར་བྱས་ཏེ་སྟབས་བསྟུན་དངུལ་བུན་སྒོར་དུང་ཕྱུར་535བཏང་བ་དང་ཁེ་ལས་2650ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རོགས་བྱས་ཏེ་དངུལ་བུན་སྒོར་དུང་ཕྱུར་1370བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཚུན་དུ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་རིམ་རྩིས་བྱས་ན་ཕག་གསོའི་དངུལ་བུན་སྒོར་དུང་ཕྱུར་100བཏང་ཞིང་། མིག་སྔར་ཕག་གསོའི་ཐོན་ལས་ཀྱི་དངུལ་བུན་ལྷག་གྲངས་ལོ་འགོ་ལས་སྒོར་དུང་ཕྱུར་57འཕར་བ་དང་འཕར་ཚད་39%ཟིན་ཡོད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།