རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། རིམས་ནད་ཀྱི་གནས་ཚུལ་གསར་བ་དང་དེ་མིན་ཡང་བསྐྱར་དངུལ་བུན་བསྐྱི་བ་དང་ཡང་བསྐྱར་དུས་མ་ཟིན་པའི་སྐྱེད་ཀ་སྤྲོད་པའི་སྲིད་ཇུས་ནུས་པ་འདོན་སྤེལ་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་པའི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས།

ཀྲུང་གོ་མི་དམངས་དངུལ་ཁང་གིས་མཚམས་སྦྱོར་བྱས་དོན། རིམས་ནད་བྱུང་རྗེས་རིམས་ནད་འགོག་རྒོལ་ཐད་ལ་ཡང་བསྐྱར་ཆེད་སྤྱོད་དངུལ་བུན་སྒོར་ཁྲག་ཁྲིག་གསུམ་བསྐྱིས་པ་དང་། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་བར་དུ་དངུལ་བུན་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བརྒྱད་ཐེར་འབུམ་བཞི་བསྐྱིས་ཏེ། སྨན་རྫས་དང་འཚོ་བའི་དངོས་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་སྟོང་བཞི་དང་བདུན་བརྒྱ་ལྷག་ལ་རྒྱབ་སྐྱོར་བྱས། དེ་ལས་གཞན་ཀྲུང་གོ་མི་དམངས་དངུལ་ཁང་གིས་ད་དུང་ཡང་བསྐྱར་དངུལ་བུན་བསྐྱི་བ་དང་ཡང་བསྐྱར་དུས་མ་ཟིན་པའི་སྐྱེད་ཀ་སྒོར་ཁྲག་ཁྲིག་ལྔ་འཕར་སྣོན་བྱས་པ་དང་། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་བར་བསྡོམས་པས་སྒོར་ཁྲག་ཁྲིག་གཅིག་ལྷག་བཏང་ཞིང་དེའི་ནང་དུ་ཞིང་ལས་ཐད་ལ་དངུལ་བུན་སྒོར་ཐེར་ཆེན་གཉིས་བསྐྱིས་ཏེ། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར། དཔྱིད་འདེབས་ཐོན་སྐྱེད་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་ལ་རྒྱབ་སྐྱོར་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།