ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲིའི་གློག་འཕྲིན་ཁག་ལྔ་པོ་ལས་ཀྲུང་གོའི་མཛའ་གཤིས་དང་བརྩེ་སེམས་མངོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་ཡོད་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེའར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་། ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན། དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི། དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་བཅས་ལ་སོ་སོར་འཚམས་འདྲིའི་གློག་འཕྲིན་བཏང་།

 མིག་སྔར་པྲོག་གསར་གློ་ཚད་ཀྱི་རིམས་ནད་གོ་ལ་ཧྲིལ་པོར་རྒྱུན་མཐུད་ངང་མཆེད་བཞིན་ཡོད་པས་ཧན་གོ་དང་དབྱི་རན། དེ་མིན་དབྱི་ཐ་ལི་ཚུད་པའི་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་མང་པོར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དཀའ་ངལ་འཕྲད་ཡོད།

 ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པའི་གནད་འགག་གི་དུས་སྐབས་སུ་ཕྱོགས་སོ་སོའི་རྒྱབ་སྐྱོར་མི་དམན་པ་ཐོབ། ཀྲུང་ཧྭ་མི་རིགས་ནི་བཀའ་དྲིན་རྗེས་སུ་དྲན་པའི་མི་རིགས་ཤིག་ཡིན་པས་ཉེ་འཁོར་གྱི་གྲོགས་པོ་ཚོར་དཀའ་ངལ་འཕྲད་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་བཏང་ནས་སོ་སྲུང་རོགས་རེས་དང་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་ཀྲུང་གོའི་བརྩེ་སེམས་བརྒྱུད་སྤྲོད་བྱས་ཏེ་ལག་གདང་དམ་སྦྲེལ་སྒོས་རིམས་ནད་འགོག་རྒོལ་དང་ལས་དབང་གཅིག་མཐུན་གྱི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བཞིན་པ་མཚོན་པར་བྱས་ཡོད། ། 

1125713798_15842310157321n.jpg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།