ཀྲུང་གོ་བོད་ཀྱི་དྲ་བ།

དེང་རབས་ཅན་གྱི་ཞིང་འཕྲུལ་ལས་དཔྱིད་རྨོད་ཀྱི་ལས་ཕྱོད་ཆེ་རུ་སོང་བ།

    སྤེལ་དུས། : 2020-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅༎དེང་རབས་ཅན་གྱི་ཞིང་འཕྲུལ་ལས་དཔྱིད་རྨོད་ཀྱི་ལས་ཕྱོད་ཆེ་རུ་སོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་རྨོད་འགོ་ཚུགས་ཚུན། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྲི་1.3གྱི་ནུས་པ་གང་ལེགས་བཏོན་ཏེ་རིག་ནུས་འདྲུད་འཁོར་དང་ལོ་ཏོག་སྲུང་མཁན་མི་མེད་གནམ་གྲུ་སོགས་དེང་རབས་ཅན་གྱི་ཞིང་འཕྲུལ་ཁྲི་8ལྷག་ཙམ་ཞིང་ལས་ཐོན་སྐྱེད་ལ་སྤྱད་ནས་ལས་ཕྱོད་དང་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད། འདི་ནི་ཟླ་3ཚེས་11ཉིན། ཆིང་ཏའོ་ཕིང་ཏུའུ་གྲོང་ཁྱེར་ཐུང་ཧོ་ཁྲོམ་གཞུང་སུང་ཅཱ་ཀྲའོ་ཀེ་ཀྲོང་གྲོང་ཚོའི་ཞིང་ནང་དུ་ཆིང་ཏའོ་ཧུང་ཡུན་ཞིང་འཕྲུལ་མཉམ་ལས་ཁང་གི་ཞོག་ཁོག་སོན་འདེབས་འཕྲུལ་འཁོར་གྱིས་ལས་ཀ་བྱེད་བཞིན་པ། སྒྲིག་ཆས་དེ་ནི་བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་བསྒར་བའི་རིག་ནུས་འདྲུད་འཁོར་གྱིས་འཐེན་གྱི་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།