ཞི་ཅིན་ཕིང་གིས་སཱ་ཁི་ལཱ་ལོ་ཕུའུ་ལུའུ་ལ་གློག་འཕྲིན་བཏང་སྟེ་ཁོ་མོས་ཞི་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

Snipaste_2020-03-14_11-04-00.png

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སཱ་ཁི་ལཱ་ལོ་ཕུའུ་ལུའུ་ལ་གློག་འཕྲིན་བཏང་སྟེ་ཁོ་མོས་ཞི་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་དང་ཞི་ལ་ནི་ཕན་ཚུན་རོགས་རེས་དང་གཉིས་ཕན་མཉམ་རྒྱལ། དཔལ་ཡོན་དཔྱད་གཞིར་འཛིན་པའི་གྲོགས་པོ་བཟང་བོ་ཡིན། ན་ནིང་གི་ལོ་མཇུག་ལ། བདག་གིས་ཞི་ལར་རྒྱལ་དོན་འཚམས་འདྲི་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་ཤིང་། རྒྱལ་ཁབ་གཉིས་བར་གྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་ང་རང་ཡིད་ཚིམས་པ་དང་། ཀྲུང་གོ་དང་ཞི་ལའི་མཉམ་ལས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོས་ཁེངས་ཡོད། བདག་གིས་ཀྲུང་གོ་དང་ཞི་ལའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད། ཙུང་ཐུང་སཱ་ཁི་ལཱ་ལོ་ཕུའུ་ལུའུ་དང་མཉམ་དུ་བྱ་བའི་འབྲེལ་བ་བཟང་བོ་བཙུགས་ཏེ། ཀྲུང་གོ་དང་ཞི་ལའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།