ཀྲུང་ནན་ཧྲན་གྱིས་གནད་དོན་གཙོ་བོ་འགའ་བརྡར་གཅོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་ག་དུས་ཚར་གཅོད་ཐུབ་བམ། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མདུན་དུ་ལྷགས་པའི་གནད་དོན་གང་དག་ཡོད་དམ། ཚེས་12ཉིན་གྱི་ཕྱི་དྲོ། ཀོང་ཏུང་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་མཐོའི་ཆེད་མཁས་ཚོགས་ཆུང་གི་ཚོགས་གཙོ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་ནན་ཧྲན་ལགས་ནས་མང་ཚོགས་ཀྱི་དོ་ཁུར་བྱེད་བཞིན་པའི་དྲི་བ་དག་ལ་ལན་སྐྱོན་གནང་ཡོད།

རིམས་ནད་ཟླ་བ་དྲུག་པའི་ནང་མཇུག་སྒྲིལ་ཐུབ་པའི་རེ་བ་ཡོད། 

     ཀྲུང་ནན་ཧྲན་ན་རེ། གལ་ཏེ་རྒྱལ་ཁབ་ཁག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རེ་འབོད་ལྟར་རྒྱལ་ཁབ་ཀྱི་ངོས་ནས་ཐེ་ཇུས་བྱེད་པ་དང་། རྒྱལ་ཁབ་ཁག་ཚང་མ་སྐུལ་སློང་བྱེད་ཐུབ་ཚེ་ཏོག་གསར་གློ་ཚད་རིམས་ནད་ཟླ་6པའི་ནང་མཇུག་སྒྲིལ་ཐུབ་པའི་རེ་བ་ཡོད། འོན་ཀྱང་འདི་ནི་རྒྱལ་ཁབ་ཁག་གིས་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱོད་པ་རྨང་གཞིར་བྱས་ནས་དཔྱད་དཔོག་བྱས་པ་ཞིག་ཡིན། 

     གལ་ཏེ་རྒྱལ་ཁབ་ཁ་ཤས་ཀྱིས་གནོད་འཚེའི་རང་བཞིན་དང་འགོས་མཆེད་རང་བཞིན་ལ་མཐོང་ཆེན་མི་བྱེད་པར་ཐེ་ཇུས་དྲག་པོ་མ་བྱས་ཚེ། (རིམས་ནད་མཆེད་ཡུན་)ད་དུང་ཇེ་རིང་དུ་འགྲོའང་སྲིད། ཏོག་དབྱིབས་ནད་དུག་དེ་དབྱར་ཁ་གནས་ཐུབ་ཚད་ཆུང་བ་བདེན་ན་ཡང་། འོན་ཀྱང་རིམས་ནད་གནས་ཚད་ཟླ་གཉིས་རིང་དུ་ཕྱིན་ཚེ་རྒྱལ་དམངས་དང་དཔལ་འབྱོར་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། 

ཕྱི་རྒྱལ་གྱི་རིམས་ནད་ཝུའུ་ཧན་གྱི་དང་ཐོག་གི་གནས་ཚུལ་དང་འདྲ། 

ཀྲུང་ནན་ཧྲན་ན་རེ།ཕྱི་རྒྱལ་གྱི་ཤི་ཚད་3.2%ལ་སླེབས་འདུག ཕྱི་རྒྱལ་གྱི་གནས་ཚུལ་དེ་སྔའི་ཝུའུ་ཧན་དང་ཅུང་འདྲ་བར་ཤི་ཚད་ཧ་ཅང་མཐོན་པོ་ཡིན་པ་འདི་ལས། ས་གནས་དེ་དག་གི་སྨན་པ་དང་མི་སེར་གྱིས་ད་དུང་དོགས་ཟོན་ཆེན་པོ་བྱེད་ཀྱི་མེད་པ་ཤེས་ཐུབ། 

ཕྱི་ཡོང་ནད་པའི་ཁྲོད་ཚ་བ་རྒྱག་པའི་ནད་རྟགས་མེད་པའི་ནད་པ་མང་པོ་ཐོན་འདུག 

ཀྲུང་ནན་ཧྲན་ན་རེ། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དཀའ་ཁག་ནི་ཕྱི་ཡོང་ནད་པ་འགོག་རྒྱུ་དེ་ཡིན། ཕྱི་ཡོང་ནད་པའི་ནད་དཔེར་བལྟས་ཚེ་དེ་དག་མང་པོ་ཞིག་ལ་ཚ་བ་རྒྱག་པ་སོགས་ཀྱི་ནད་རྟགས་མངོན་གྱི་མི་འདུག་པས། ད་ལྟ་ཕྱི་ཡོང་ནད་པ་དོ་དམ་ཚོད་འཛིན་བྱ་རྒྱུར་དོ་སྣང་བྱེད་ཤུགས་རྒྱག་པ་དང་། རྒྱལ་ཁབ་ཕྱི་ནང་འབྲེལ་གཏུག་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས།

ཟླ་གཉིས་ནང་ཕན་ནུས་དམིགས་བསལ་ཅན་གྱི་སྨན་གསར་སྤེལ་བྱེད་ཐུབ་མི་སྲིད། 

ཀྲུང་ནན་ཧྲན་ན་རེ། མིག་སྔའི་གནས་ཚུལ་ལ་གཞིགས་ན། ཟླ་གཉིས་ནང་ཕན་ནུས་དམིགས་བསལ་ཅན་གྱི་སྨན་དང་བཅོས་ཐབས་དམིགས་བསལ་ཅན་ཞིབ་འཇུག་གསར་སྤེལ་བྱེད་ཐུབ་མི་སྲིད། འོན་ཀྱང་བྱེད་ཐབས་ནུས་ལྡན་སྤྱད་ན་རིམས་ནད་བཀག་འགོག་བྱེད་ཐུབ། 

དྲག་སྐྱེད་བྱུང་བའི་ནད་པར་ཡང་བསྐྱར་འགོ་བའི་སྲིད་ཕྱོད་ཧ་ཅང་ཆུང་། 

ཀྲུང་ནན་ཧྲན་ན་རེ། ཏོག་གསར་ནད་པ་དྲག་སྐྱེད་བྱུང་མིན་ལ་བརྟག་པར་ཉིང་སྐྱུར་སྲིབ་གཤིས་སུ་མངོན་པ་སོགས་ཆ་རྐྱེན་མང་པོ་ཚང་དགོས་ཀྱི་ཡོད། ནད་དུག་འགོས་མཆེད་ཀྱི་ཐད་ནས་བཤད་ན། ནད་པ་འདི་དག་གི་ལུས་སུIgGའགོག་གཟུགས་བྱུང་ཡོད་ལ། འགོག་གཟུགས་ལ་ནད་དུག་ཚར་གཅོད་པའི་ནུས་པ་ཆེན་པོ་ལྡན། སྤྱིའི་ཆ་ནས་བཤད་ན། སྨན་ཁང་ནས་ཐོན་རྗེས་ནད་རྟགས་གདགས་གཤིས་མངོན་མཁན་ལས་གཞན་ལ་འགོས་མཆེད་བྱུང་བའི་གནད་ཚུལ་མི་འདུག 

དྲག་སྐྱེད་བྱུང་བའི་ནད་པ་སྨན་ཁང་ནས་ཕྱིར་བུད་རྗེས་ཉིན་14ཡི་རིང་ལོགས་བཀར་བྱེད་དགོས་པས། ཡང་དང་བསྐྱར་དུ་བརྟག་དཔྱད་བྱས་ཆོག་ལ། འགོག་གཟུགས་ཀྱི་ཞིབ་དཔྱད་ཚད་ལེན་ཡང་བྱས་ཆོག འགོག་གཟུགས་ཅུང་མཐོ་ན་སེམས་བདེ་བར་གནས་ཆོག ཡིན་ན་ཡང་ད་དུང་ལྟ་ཞིབ་གཏིང་ཟབ་བྱེད་དགོས། སྨན་ཁང་ནས་ཐོན་པའི་རྗེས་ནད་རྟགས་གདགས་གཤིས་མངོན་མཁན་ཡང་བསྐྱར་སྨན་ཁང་དུ་ལོག་དགོས་མིན་ཐད་ད་དུང་དབྱེ་ཞིབ་ཞིབ་ཕྲ་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།