ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཞིང་བཀོལ་སྤྱོད་ལ་ཞིབ་བཤེར་ཆོག་མཆན་དབང་ཆ་གནང་བ་དང་མངགས་བཅོལ་བྱེད་པའི་སྐོར་གྱི་ཆོད་དོན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཞིང་བཀོལ་སྤྱོད་ལ་ཞིབ་བཤེར་ཆོག་མཆན་དབང་ཆ་གནང་བ་དང་མངགས་བཅོལ་བྱེད་པའི་སྐོར་གྱི་ཆོད་དོན་འགྲེམ་སྤེལ་བྱས། ཆོད་དོན་ལས་བསྟན་དོན། ཞིང་ས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་ལེགས་བསྡུས་ཞིབ་གཉེར་སྒོས་ས་ཞིང་བཀོལ་སྤྱོད་པའི་སྔོན་འགྲོའི་ཆ་རྐྱེན་འོག དབང་གཏོང་དོ་དམ་དང་ཞབས་ཞུའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་ཞིང་ས་ཞིང་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་ས་ཞིང་བཀོལ་སྤྱོད་བྱེད་པའི་རང་བདག་དབང་ཆ་གནང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།