ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དུ་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། ཝུའུ་ཧན་དང་ཧུའུ་པེ་ས་ཁུལ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་སྔར་ལས་དམ་འཛིན་བྱེད་པ་དང་། རིམས་ནད་རྒྱལ་ཁོངས་བརྒལ་ནས་ཁྱབ་པར་གནད་ཁེལ་དོགས་ཟོན་བྱེད་པར་མ་ཟད། དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ལས་ཀ་དང་ཐོན་སྐྱེད་མྱུར་དུ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཝུའུ་ཧན་དང་ཝུའུ་པེ་ཡིས་མུ་མཐུད་དུ་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པ་དང་གཞིས་ཁུལ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཤུགས་བསྣན་ཏེ། མང་ཚོགས་ཀྱི་འཚོ་བ་འགན་སྲུང་དང་ནད་ཡམས་གཞན་དག་ལ་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱིས་རྒྱལ་ཁོངས་བརྒལ་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བའི་གནས་བབ་ལ་དབྱེ་ཞིབ་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེས་གསར་བའི་དཔྱད་འཇོག་དང་ཟུང་འབྲེལ་བྱས་ཏེ། རྒྱལ་སྤྱིའི་མཉམ་འགོག་མཉམ་འཛིན་ལ་སྐུལ་འདེད་གཏོང་བ་དང་། དམིགས་ཡུལ་ཡོད་པའི་བྱེད་ཐབས་སྤྱད་དེ་རིམས་ནད་ཕྱི་ནང་དུ་ཁྱབ་པར་དོགས་ཟོན་ནན་མོ་བྱེད་དགོས་པར་མ་ཟད། འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་ནུས་ལྡན་རོགས་རམ་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་ཁ་ཕྱོགས་འཐུས་ཚང་དུ་གཏོང་བ་དང་། ས་གནས་སོ་སོ་དང་ལྷག་པར་དུ་ཉེན་ཁ་ཆུང་བའི་ས་ཁུལ་གྱིས་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་མཛུབ་སྟོན་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།