མི29ཤི་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྟག་དཔྱད་ཚོ་ཆུང་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན་གྱི་དགོང་མོ་ཧྥུའུ་ཅན་ཆོན་ཀྲོའུ་གྲོང་ཁྱེར་ལི་ཁྲེང་ཁུལ་ལྷོ་སྐོར་ལམ་ཤིན་ཅ་མགྲོན་ཁང་བརྡིབས་པའི་དོན་རྐྱེན་བྱུང་ནས་མི་71ལུས་པ་དང་། ཆེས་མཇུག་ཏུ་རྙེད་པའི་མི་དེ་རྐྱེན་ལམ་དུ་ཤོར་ཡོད།

ཚེས12ཉིན། དོན་རྐྱེན་ཁྲོད་ལུས་པའི་མི་དེ་རྙེད་ཀྱང་རྐྱེན་ལམ་དུ་ཤོར་ཡོད། ད་བར་དོན་ཀྱེན་བྱུང་ནས་ཆུ་ཚོད112སོང་རྗེས། ལུས་པའི་མི71ཚང་མ་འཚོལ་སྐྱོབ་ཐུབ་པ་དང་དེའི་ནང་མི29རྐྱེན་ལམ་དུ་ཤོར་བ་དང་མི42སྐྱོབ་ཐུབ་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྟག་དཔྱད་ཚོ་ཆུང་བཙུགས་པ།

འཕྲལ་སྡོམ་དོ་དམ་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ3ཚེས7ཉིན་གྱི་དགོང་མོར། ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་ལི་ཁྲེང་ཁུལ་ཤིན་ཅ་མགྲོན་ཁང་བརྡིབས་པའི་དོན་རྐྱེན་བྱུང་ནས་མི29རྐྱེན་ལམ་དུ་ཤོར་བ་དང་། མི42ལ་རྨས་སྐྱོན་ཕོག་ཡོད་པ་རེད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་ཤིན་ཅ་མགྲོན་ཁང་གི“3·7”རྡིབ་པའི་དོན་རྐྱེན་བརྟག་དཔྱད་ཚོགས་ཆུང་འཛུགས་རྒྱུ་དང་འབྲེལ། བརྟག་དཔྱད་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཧྥུའུ་ཅན་ཧྭ་ཡིས་ཙུའུ་ཀྲང་གི་འགན་བཞེས་པ་རེད།

ཁང་རྡིབ་འཛུགས་སྐྲུན་སྒྱུར་བཀོད་ཞིབ་མཆན་ལ་གནད་དོན་ཚབས་ཆེན་ཡོད་པ་དང་འགན་འཁྲི་མི་སྣར་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད།

ཚེས11ཉིན། ཆོན་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཁང་རྡིབ་དོན་རྐྱེན་གྱི་རོགས་སྐྱོབ་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་ཧྥུའུ་ཅན་ཆོན་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཧུང་ཙི་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་མི་2000ལས་འཛོལ་གྱི་རོགས་སྐྱོབ་ནང་ཞུགས་ཡོད་པ་རེད། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱིས་ཆེད་མཁས་པ42མངགས་པ་དང་སྨན་དོན་མི་སྣ821གིས་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་པ་རེད། སྐྱོབ་བཅོས་བྱས་པ་བརྒྱུད་སྔ་རྗེས་སུ་མི10སྨན་ཁང་ནས་བུད་ཡོད།

བརྟག་དཔྱད་བྱས་པ་བརྒྱུད། ཤིན་ཅ་མགྲོན་ཁང་འཛུགས་སྐྲུན་དང་། སྒྱུར་བཀོད། ཞིབ་མཆན་འགོད་པ་སོགས་ཀྱི་ཐད་གནད་དོན་ཚབས་ཆེན་ཡོད། ད་ཆ་འབྲེལ་ཡོད་དཔང་རྟགས་འཚོལ་བསྡུ་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་འགན་འཁྲི་མཁན་ལ་བཙན་ཤེད་ཀྱི་བྱ་ཐབས་དང་རྒྱུ་ནོར་སྲུང་སྡོམ་གྱི་བྱ་ཐབས་སྤྱད་དེ། བརྟག་དཔྱད་བྱས་ཚུལ་གོང་རིམ་བརྟག་དཔྱད་ཚོགས་ཆུང་ལ་འབུལ་རྒྱུ་ཡིན་པ་རེད། ཧུང་ཙི་ཆང་གིས་བཤད་རྒྱུར། འཛུགས་སྐྲུན་སྒྱུར་བཀོད། གཉེར་སྐྱོང་བཅས་ཀྱི་ལྷུ་ཚིགས་ཁག་ལ་དམིགས་ཏེ་ལོགས་བཀར་ས་གནས་བདམས་པའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱ་རྒྱུ་དང་། འབྲེལ་ཡོད་ཁྲིམས་འགལ་སྒྲིག་འགལ་གྱི་འགན་འཁྲི་བ་རྒྱ་ཡན་དུ་གཏོང་རྒྱུ་མིན།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།