ཀྲུང་གོ་བོད་ཀྱི་དྲ་བ།

རིམས་ནད་ཐོན་རིང་རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཁྲི180ལས་གནས་ཐོག་ཞུགས་ཚད90%ཡན་ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས10ཉིན་གྱི་ཆུ་ཚོད་24བར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་སུ་ད་ཡོད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ16145ཡོད་པའི་ནང་ནད་ལྕིའི་ནད་དཔེ4493ཡོད་པ་དང་། རིམ་རྩིས་བྱས་ན་ནད་དཔེ61475དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། གྲོངས་པའི་ནད་དཔེ3158ཡོད་པ། སྙན་ཞུའི་ནང་གཏན་འཁེལ་བའི་ནད་དཔེ80778དང་ད་ལྟ་དོགས་ཡོད་ནད་དཔེ285ཡོད་པ་རེད། རྒྱལ་ཡོངས་སུ་ཉིན་ལྟར་གཏན་འཁེལ་བྱུང་བའི་ནད་དཔེ་མང་དུ་འགྲོ་ཚད་དང་དོགས་ཡོད་ནད་དཔེ་མང་དུ་འགྲོ་ཚད་ཉིན5བསྟུད་མར་གྲངས་གནས་གཉིས་ནང་མུ་མཐུད་གནས་པས་ཝུའུ་ཧན་ཕུད་ཉིན་ལྔའི་ནང་ས་གནས་དེ་གར་གཏན་འཁེལ་བྱུང་བའི་ནད་དཔེ2མང་དུ་ཕྱིན་ཡོད་པ་རེད།

“རིམས་ནད་ཐོན་ཚུན་ཁོར་ཡུག་སྲུང་སྐྱོང་གི་ལས་རིགས་ཚང་མས་ཐེག་ནུས་ཆེན་པོའི་ཐོག་ནས་ཁོར་ཡུག་སྲུང་སྐྱོང་བཟོ་པ་སྤྱིར་ན་ཚང་མ་ལས་གནས་ཐོག་ཞུགས་ཡོད”ཅེས་སྡོད་ཁང་འཛུགས་སྐྲུན་པུའི་གྲོང་ཁྱེར་འཛུགས་སྐྲུན་སིའི་སི་ཀྲང་གཞོན་པ་ལིའུ་ལི་ཧྥུང་གིས་བཤད་པ་དང་། ཁོང་གིས་རིམས་ནད་ཐོན་རིང་རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཁྲི180ལས་གནས་ཐོག་ཞུགས་ཚད90%ཡན་ཟིན་ཞིང་། དེའི་ནང་ཧུའུ་པེ་ཞིང་ཆེན་དུ་ཉིན་གང་ལས་ཀར་ཞུགས་མཁན་གྱི་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཁྲི་8ལས་བརྒལ་ཡོད། རྒྱ་ཆེའི་ཁོར་ཡུག་སྲུང་སྐྱོང་བཟོ་པས་སྨན་བཅོས་སྒྲིག་གཞི་དང་། གཅིག་སྡུད་ལོགས་སུ་འཇོག་ཡུལ། འབྲེལ་ཡོད་སྒྲིག་བཀོད་བཅས་ལ་དུག་སེལ་དང་ནད་འབུ་སེལ་བ་སོགས་ཀྱི་འཕྲལ་སྡོམ་ལས་འགན་ཡོངས་ཁྱབ་ངང་ཁུར་ནས་རང་འགན་གཙང་སྒྲུབ་དང་འགན་འཁྲིར་ངོ་གནོང་མི་དགོས་པ་ཞིག་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།