ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པའི་བྱ་བར་ཞིབ་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས10ཉིན་གྱི་དགོང་མོར། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་མྱུར་དུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མྱུར་དུ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རིམས་ནད་འགོག་བཅོས་བྱ་བ་དམ་འཛིན་བྱེད་པར་བཀོད་སྒྲིག་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་སུན་ཁྲུན་ལན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འགོ་ཁྲིད་དང་དངོས་སུ་བཀོད་འདོམས། དངོས་སུ་བཀོད་སྒྲིག་བྱས་འོག ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་གནས་བབ་ལ་ཉམས་དགའ་བའི་འགྱུར་ལྡོག་བྱུང་བ་དང་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ། རིམས་ནད་འགོག་རྒོལ་གྱི་གནད་འགག་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་ཕེབས་ཏེ་བྱ་བར་གཟིགས་ཞིབ་གནང་སྟེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ཁ་ཕྱོགས་གཏན་འཁེལ་བྱས་པ་དང་ནུས་ལྡན་མཛུབ་སྟོན་གནང་བ་དེ་ལས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་པ་དང་། ཝུའུ་ཧན་ཅིས་ཀྱང་རྒྱལ་བ་དང་ཧུའུ་པེ་ཅིས་ཀྱང་རྒྱལ་བ། ཀྲུང་གོ་ཅིས་ཀྱང་རྒྱལ་བའི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་ཟེར།

ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པའི་བྱ་བར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།