ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས11ཉིན་བར་དུ་རྒྱལ་ཡོངས་སུ་བསྡོམས་པས་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ80793ཡོད་པ་དང་ཚེ་འདས་ནད་པ3169ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས11ཉིན་གྱི་ཆུ་ཚོད0ནས24ཡི་རིང་། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ15ཡིས་མང་དུ་ཕྱིན་པ་དང་། ཚེ་འདས་ནད་པ11(ཧུའུ་པའེ་རུ10 ཧྲན་ཞིས་སུ1) གིས་མང་དུ་ཕྱིན་ཡོད། དོགས་ཡོད་ནད་པ33གྱིས་མང་དུ་ཕྱིན་ཡོད། 

ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1318ཀྱིས་མང་དུ་ཕྱིན་ཡོད་ལ། འབྲེལ་འདྲིས་ཡོད་མཁན་མི2206ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག་པ་དང་།  ནད་པ་ལྕི་མོ235ཡིས་ཉུང་དུ་ཕྱིན་ཡོད་པ་རེད། 

ཟླ3པའི་ཚེས11ཉིན་གྱི་ཆུ་ཚོད24ཡི་བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ14831(དེའི་ནང་ནད་པ་ལྕི་མོ4257)ཡོད་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ62793ཡོད་ལ།  ཚེ་འདས་ནད་པ3169ཡོད། སྙན་ཞུའི་ནང་བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ80793ཡོད་པ་དང་། ད་ལྟ་དོགས་ཡོད་ནད་པ253ཡོད། བསྡོམས་པས་འབྲེལ་འདྲིས་ཡོད་མཁན་མི677243གྱི་རྗེས་འདེད་ཐུབ་ཡོད་པ་མ་ཟད། ད་དུང་འབྲེལ་འདྲིས་ཡོད་པའི་མི13701ལ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད། 

ཧུའུ་པའེ་རུ་ནད་རྟགས་ཐག་བཅད་པའི་ནད་པ8(ཝུའུ་ཧན་དུ8)ཀྱིས་མང་དུ་ཕྱིན་པ་དང་། ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1242(ཝུའུ་ཧན་དུ1053)གིས་མང་དུ་ཕྱིན་ཡོད་ལ། ཚེ་འདས་ནད་པ10(ཝུའུ་ཧན་དུ7)ཡིས་མང་དུ་ཕྱིན་ཡོད། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ14427(ཝུའུ་ཧན་དུ13462)གྱིས་མང་དུ་ཕྱིན་ཡོད། དེའི་ནང་ནད་པ་ལྕི་མོ4180(ཝུའུ་ཧན་དུ4003)ཡིས་མང་དུ་ཕྱིན་ཡོད། བསྡོམས་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ50298(ཝུའུ་ཧན་དུ34094)ཡོད་པ་དང་། བསྡོམས་པས་ཚེ་འདས་ནད་པ3056(ཝུའུ་ཧན་དུ2430)ཡོད། བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ67781(ཝུའུ་ཧན་དུ49986)ཡོད། དོགས་ཡོད་ནད་པ2(ཝུའུ་ཧན་དུ2)ཀྱིས་མང་དུ་ཕྱིན་ཡོད། ད་ལྟ་དོགས་ཡོད་ནད་པ158(ཝུའུ་ཧན་དུ152)བཅས་ཡོད།   

གཞན་ཧྲན་ཏུང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་བརྡ་ཁྱབ་ལྟར་ན། ཟླ3པའི་ཚེས10ཉིན་གྱི་ཆུ་ཚོད0ནས་24ཡི་བར། ཧྲན་ཏུང་ཞིང་ཆེན་ས་གནས་སུ་ནད་རྟགས་ཐག་བཅད་པའི་ནད་པ1གིས་མང་དུ་ཕྱིན་པ་དང་། དོགས་ཡོད་ནད་པ་བྱུང་མེད། སྙན་ཞུའི་ནང་བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ759ཡོད། དེའི་ནང་ནད་པ་ལྕི་མོ1དང་། ཉེན་ཚབས་ཆེ་བའི་ནད་པ1 བསྡོམས་པས་ཚེ་འདས་ནད་པ་6བཅས་ཡོད་པ་རེད།

ཟླ3པའི་ཚེས11ཉིན་གྱི་ཆུ་ཚོད0ནས24ཡི་རིང་། སྙན་ཞུའི་ནང་ཕྱི་ཕྱོགས་ནས་མཆེད་ཡོང་བའི་ནད་རྟགས་ཐག་བཅད་པའི་ནད་པ6(ཀོང་ཏུང་དུ3 ཀན་སུའུ་རུ2 ཧུ་ནན་དུ1)གིས་མང་དུ་ཕྱིན་ཡོད་པ་དང་། ཟླ3ཚེས11ཉིན་གྱི་ཆུ་ཚོད24ཡི་བར་དུ། སྙན་ཞུའི་ནང་བསྡོམས་པས་ཕྱི་ཕྱོགས་ནས་མཆེད་ཡོང་བའི་ནད་རྟགས་ཐག་བཅད་པའི་ནད་པ85ཡོད་པ་རེད། 

བསྡོམས་རྩིས་བྱས་པ་ལྟར་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་རྟགས་ཐག་བཅད་པའི་ནད་པ187ཡོད་ལ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ129(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ67ཡོད་པ་དང་། ཚེ་འདས་ནད་པ3)ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ10ཡོད་ལ། (ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ10) ཐའེ་ཝན་ས་ཁུལ་དུ་ནད་པ48(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ17དང་། ཚེ་འདས་ནད་པ1)བཅས་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།