ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རན་གྱི་ཙུང་ཐུང་གཞོན་པ་དང་པོ་ཅ་ཧན་ཅི་ལིར་ཏོག་གསར་གློ་ཚད་འགོས་ཡོད་པ་གཏན་འཁེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན་དབྱི་རན་གྱི་ཙུང་ཐུང་གཞོན་པ་དང་པོ་ཅ་ཧན་ཅི་ལིར་ཏོག་གསར་གློ་ཚད་འགོས་ཡོད་པ་གཏན་འཁེལ་བྱས་ཤིང་མིག་སྔར་ལོགས་སུ་བཀར་ཡོད་པ་རེད།

  དབྱི་རན་ཧྥའར་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཅ་ཧན་ཅི་ལི་དང་ནང་བློན་གཞན་གཉིས་ལ་ཉིན་དེར་ཏོག་གསར་གློ་ཚད་འགོས་ཡོད་པ་གཏན་འཁེལ་བྱས་པ་རེད།

དབྱི་རན་གྱིས་ཟླ2པའི་ཚེས19ཉིན་ཏོག་གསར་གློ་ཚད་འགོས་ཡོད་པའི་ནད་དཔེ་ཐོག་མ་གཏན་འཁེལ་བྱས་པ་ཁྱབ་བསྒྲགས་བྱས་པ་ནས་བཟུང་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱི་ལ་ཅི·ཧ་ལི་ཆི་དང་། བུད་མེད་ཙུང་ཐུང་གཞོན་པ་མ་སུའུ་མའེ·ཨའེ་པུའུ་ཐེ་ཁའར། གཞན་རྒྱལ་ཚོགས་ཀྱི་གྲོས་མི་ཁ་ཤས་ལ་སྔ་རྗེས་སུ་ཏོག་གསར་གློ་ཚད་འགོས་ཡོད་པ་གཏན་འཁེལ་བྱས་པ་རེད།

དབྱི་རན་འཕྲོད་བསྟེན་པུའུ་ཡིས་ཚེས11ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཉིན་དེའི་སྔ་དྲོ་བར་དབྱི་རན་དུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་ནད་དཔེ9000གཏན་འཁེལ་བྱས་ཤིང་། དེའི་ཁྲོད་ཚེ་འདས་ནད་དཔེ354ཡོད་པ་དང་ནད་སོས་ནད་དཔེ2959ཡོད་པ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།