ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱ་བ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བ་དམ་པོ་ཡོད། དེང་སྐབས་རང་རྒྱལ་གྱི་ས་ཁུལ་མང་ཤོས་འཕྲོ་རིམ་འཕྲོར་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱེད་པའི་དུས་སྐབས་སུ་སླེབས་ཡོད་པས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་དང་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་དམ་འཛིན་བྱེད་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་ནགས་ཚལ་དང་རྩྭ་སའི་མེ་འགོག་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ཝང་ཡུང་ཟླ་གསུམ་པའི་ཚེས་བཅུ་ཉིན་ཚོགས་པའི་རྒྱལ་ཡོངས་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།