ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྲིད་པུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ལས་དོན་པའི་དཀའ་ངལ་དངོས་གཙོ་གནད་ཐོག་ཐག་གཅོད་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས9ཉིན། དམངས་སྲིད་པུའི་གཞི་རིམ་སྲིད་དབང་འཛུགས་སྐྱོང་དང་སྡེ་ཁུལ་བཅོས་སྐྱོང་སིའི་སི་ཀྲང་ཁྲེང་གཡོད་ལེའང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག དམངས་སྲིད་པུས་ལས་ཀའི་ཁ་གསབ་སྤྲོད་པའི་གཏན་འབེབས་ཁ་གསལ་པོ་མེད་པ་སོགས་ཐད་ནས་འགོ་བཙུགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ལས་དོན་པའི་དཀའ་ངལ་དངོས་གཙོ་གནད་ཐོག་ཐག་གཅོད་བྱ་རྒྱུ་ཡིན་ཅེས་བཤད།

ཁྲེང་གཡོད་ལེའང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། རྒྱ་ཆེའི་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ལས་དོན་པ་ཚོས་ལས་གནས་བརྟན་སྲུང་དང་ཉིན་མཚན་དབྱེར་མེད་ངང་ལས་རེས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་དཔའ་མཛངས་རྟུལ་ཕོད་ཀྱིས་འཐབ་འཛིང་བྱས་ཤིང་། ཟླ་3ཚེས་8ཉིན་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ལས་དོན་པ་53རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གཞུང་དོན་ཆེད་རང་སྲོག་ཤོར་ཡོད་པ་རེད།

ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ལས་དོན་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་བྱ་ཆེད། དམངས་སྲིད་པུས་བརྡ་ཐོ་བཏང་ནས། ས་གནས་ཁག་གི་དམངས་སྲིད་སྡེ་ཚན་ལ《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ལས་དོན་པར་སེམས་ཁུར་དང་དོ་ཁུར་བྱེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་ཞིབ་ཕྲའི་བྱེད་ཐབས་དུས་ཚོད་དམ་འཛིན་གྱིས་ཁྱབ་གདལ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ལས་དོན་པར་ཁ་གསབ་སྤྲོད་པའི་ཚད་གཞི་དོན་འཁྱོལ་ཡང་དག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བརྗོད་པ་རེད།

དེ་དང་ཆབས་ཅིག དམངས་སྲིད་པུས་ད་དུང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྡེ་ཁུལ་གྱི་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་གི་ཆེད་དོན་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ས་གནས་ཁག་ལ་སྡེ་ཁུལ་གྱི་ལས་དོན་པའི་ལས་གནས་ཀྱི་མ་ལག་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་མཛུབ་ཁྲིད་བྱེད་པ། ལས་གནས་རིམ་སྒྲིག་བཅས་བྱ་རྒྱུ་མ་ཟད། གཏན་འབེབས་གཞིར་བཟུང་། གླ་ཆའི་ཐོབ་ཐང་དོན་འཁྱོལ་བྱེད་པ་དང་སྡེ་ཁུལ་གྱི་ལས་དོན་པ་གསོ་སྐྱོང་དང་། གདེང་འཇོག འདེམས་བསྐོ། བེད་སྤྱོད། ཡར་སྐུལ་བཅས་ཀྱི་ལམ་སྲོལ་ཟམ་མི་ཆད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཁུལ་གྱི་ལས་དོན་པའི་འཇོན་ཐང་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

ཁྲེང་གཡོད་ལེའང་གིས་དམངས་སྲིད་པུས་ས་གནས་ཁག་ལ་སྤྱི་ཚོགས་རྩ་འཛུགས་དང་སྤྱི་ཚོགས་ཀྱི་ལས་དོན་པ་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་ཀྱི་ལས་དོན་པར་ཕྱོགས་པའི་སེམས་ཁམས་བདེ་ཐང་དཔྱད་དཔོག་བྱས་ཏེ། རིམས་ནད་མཇུག་འགྲིལ་རྗེས་དུས་ཐོག་ཏུ་སེམས་ཁམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་། ངལ་གསོ་རྒྱག་རེས་དང་ངལ་གསོ་ཁ་གསབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ལས་དོན་པས་དགོས་ངེས་ཀྱི་ངལ་གསོ་རྒྱག་ཐུབ་པར་བྱ་རྒྱུ་རེད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།