ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས10ཉིན་ཞིང་ལས་ཞིང་སྡེ་པུའུ་འཕེལ་རྒྱས་འཆར་འགོད་ཟི་ཡི་ཟི་ཀྲང་ཝུའེ་པའེ་ཀང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ད་ལོར་དབུལ་ཞྭ་ཕུད་མེད་པའི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང52ལ་དམིགས་བསལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཏེ།
གཅིག་ནི་ཐོན་རྫས་འཚོང་གཉེར་གྱི་འབྲེལ་མཐུད་བྱེད་སྒོ་སྣ་ཚོགས་ནང་དབུལ་ཞྭ་ཕུད་མེད་པའི་རྫོང་རྣམས་རིན་མེད་སྒོས་ཞུགས་པར་རྩ་འཛུགས་བྱེད་པ། གཉིས་ནི་ལྗང་མདོག་དང་། སྐྱེ་ལྡན། ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས་རེ་ཞུ་བྱེད་པར་སྟབས་བདེ་སྐྲུན་པ། གསུམ་ནི་ཞིང་ལས་ཞིང་སྡེ་པུའུ་ཡིས་ཉེ་དུས་སུ་སོས་ཉར་མུ་འབྲེལ་ཟོག་འགྲེམས་འཛུགས་སྐྲུན་ཨར་ལས་སྤེལ་འགོ་བཙུགས་ནས་ཆ་རྐྱེན་འཛོམས་ཀྱང་ཞྭ་མོ་ཕུད་མེད་པའི་རྫོང་ཚང་མར་ཁྱབ་པར་བྱེད་དགོས། བཞི་ནི་དབུལ་ཞྭ་ཕུད་མེད་པའི་རྫོང་དུ་ཐོན་ལས་ལག་རྩལ་བློ་འདྲིའི་ལམ་ལུགས་འཚོལ་ཞིབ་དང་གསར་འཛུགས་བྱ་དགོས། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ཞིང་ལས་ཞིང་སྡེ་པུའུ་ཡིས་དབུལ་ཞྭ་ཕུད་མེད་པའི་རྫོང52ལ་དམིགས་བསལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་རེད།