ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་ཐེངས་འདིའི་རིམས་ནད་ཀྱིས་ཡང་བསྐྱར་དབུལ་པོར་བསྒྱུར་མེད་ཅེས་བཤད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་ཕྱོགས་བསྡུས་ཟི་ཡི་ཟི་ཀྲང་སུའུ་གོ་ཞ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྡེ་ཁག་གིས་དབུལ་ཕོངས་ས་ཁུལ་ཀྱི་མང་ཚོགས་ཀྱི་རྒྱུན་མཐོང་ནད་རིགས་དང་འབྱུང་སླ་བའི་ནད་གཞི་རྣམས་ས་གནས་དེ་གའམ་ཐག་ཉེ་ས་ནས་སྨན་བཅོས་བྱེད་ཐུབ་པར་འགན་ལེན་བྱས་ཞེས་བཤད་པ་རེད། དེ་ནི་ང་ཚོར་དུས་ཡུན་རིང་པོ་ཞིག་ལ་བཙུགས་པའི་འགན་སྲུང་ལམ་ལུགས་ཡོད་སྟབས། ཐེངས་འདིའི་རིམས་ནད་ལ་རྐྱེན་བྱས་ནས་ཡང་བསྐྱར་དབུལ་བོ་དང་། ནད་ཡམས་ལ་རྐྱེན་བྱས་ནས་ཡང་བསྐྱར་དབུལ་བོར་གྱུར་པའི་གནས་ཚུལ་བྱུང་མེད་ཅེས་བཤད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།