ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མཱ་ལེ་ཞི་ཡའི་ཙུང་ལི་གསར་བ་མུའུ་ཞི་ཏེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་དགུ་ཉིན་མུའུ་ཞི་ཏེན་ལ་གློག་འཕྲིན་བཏང་ནས། ཁོང་གིས་མཱ་ལེ་ཞི་ཡའི་ཙུང་ལི་ཡི་འགན་ཁུར་བར་རྟེན་འབྲེལ་ཞུས། 

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་མཱ་ལེ་ཞི་ཡ་གཉིས་ནི་སྲོལ་རྒྱུན་མཛའ་མཐུན་གྱི་ཁྱིམ་མཚེས་བཟང་བོ་དང་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན་པས། ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་སྲུང་འཛིན་བྱེད་བཞིན་ཡོད། བདག་གིས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་སོགས་ས་ཁུལ་བར་གྱི་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།